ཡུལ་གྲུ་ཕ་ས་དག་པའི་ཞིང་ཁམས་སུ། བདེ་སྐྱིད་འཚོ་བ་སྦྲང་རྩིའི་རིགས་སུ་མཐུན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-08-11

ཉག་རོང་རྫོང་གིས་སྤྲོ་གསེང་ཡུལ་སྡེའི་ཡུལ་སྐོར་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།

ཡུལ་གྲུ་ཕ་ས་དག་པའི་ཞིང་ཁམས་སུ། བདེ་སྐྱིད་འཚོ་བ་སྦྲང་རྩིའི་རིགས་སུ་མཐུན།
རི་སྣེ་གྲོང་སྡེའི་བོད་ཁང་།

འདུ་འཛི་ཆེ་བའི་གྲོང་ཁྱེར་ལ་སུན་པས་ལྷིང་འཇགས་ཀྱི་རི་ཆུའི་ཀླུང་ནས་ངལ་གསོ་ཕྲན་བུ་རེ་བྱ་རྒྱུ་ནི་དེང་སྐབས་གྲོང་ཁྱེར་བསྡད་ནས་ཡོད་པའི་མི་མང་པོའི་ལྡོག་མེད་ཀྱི་གདམ་ཀ་རུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། གྲོང་གསེབ་ཡུལ་སྐོར་འདི་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་པར་བརྟེན། ཁྱིམ་གཞིས་གནས་ཚང་ལྟ་བུའི་རྣམ་པ་གསར་པའི་ཡུལ་སྐོར་ལས་རིགས་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་ཉག་རོང་རྫོང་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཉག་རོང་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“10+3”དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི “10+2”གྱི་འཕེལ་རྒྱས་མ་ལག་ལ་གཞིགས་ནས། རང་ངོས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་ཏེ་སྤྱི་ཡོངས་ཀྱི་ཐོན་ལས་འཆར་འགོད་དེ་ཞིབ་ཚགས་དང་དོན་དམ་དུ་བསྒྲུབ་ཏེ། ས་གནས་རང་གི་ཁྱད་ཆོས་རིག་གནས་སྣེ་འདྲེན་ཧུར་ཐག་བྱས་པ་དང་ཆབས་ཅིག ཡུལ་སྡེའི་ཡུལ་སྐོར་ཐོན་ཁུངས་ཀྱིས་རྨང་གཞི་བྱེད་པ། ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་ཡུལ་སྐོར་འབྲེལ་འདྲིས་དཔེ་སྟོན་གླིང་ཁུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བ་བློ་བདེ་བག་ཕེབས་ཀྱིས་གུང་སེང་རོལ་བ་དང་དམངས་སྲོལ་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་ཡུལ་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མངོན་དུ་གྱུར་པར་བརྟེན། ཡུལ་སྐོར་གྱིས་འཛད་སྤྱོད་ལ་བསྐུལ་ནས་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་སྣོན་བྱུང་ནས་འབྱོར་ཕྱུག་གི་ལམ་དུ་ཁྲིད་པ་རེད།

ཉེ་ཆར།སྨྱུག་འཛིན་པ་ཉག་རོང་རྫོང་བང་སྨད་ཡུལ་ཤོག་རི་སྣེ་གྲོང་སྡེ་རུ་འགྲོ་དུས། གཙང་ཞིང་གྲ་འགྲིག་པའི་བོད་ཁང་དང་། གཡུ་མདོག་གི་ནེའུ་གསིང་།མཐོན་མཐིང་གི་མཁའ་དབྱིངས་བཅས་ལས་གྲུབ་པའི་སྣུམ་ཚོན་གྱི་རི་མོའི་དཔལ་ལ་འགྲན་པའི་རྣམ་པ་ཞིག་མིག་ལམ་དུ་མངོན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཁྱིམ་གཞིས་གནས་ཚང5ཡིས་ལས་སྒོ་མ་ཕྱེ་སྔོན་གྱི་མཇུག་བསྡུའི་ལས་ཀ་སྒྲུབ་བཞིན་འདུག ལས་བཟོ་བ་ལ་ལས་ཁང་བའི་ནང་གཙང་སྦྲ་དང་། ལ་ལས་ར་སྐོར་ནང་གི་རྨང་གཞིའི་སྒྲིག་ཆས་ལ་གཙང་བཤེར་བྱེད་བཞིན་འདུག མི་ཚང་མས་ཚ་ཚ་འུར་འུར་གྱིས་རི་སྣེ་གྲོང་སྡེའི་ཁྱིམ་གཞིས་གནས་ཚང་སྒོ་ཕྱེ་ནས་ཡུལ་སྐོར་བ་སྣེ་ལེན་བྱས་པར་ཆེས་མཐའ་མཇུག་གི་གྲ་སྒྲིག་བྱེད་བཞིན་མཆིས། ལས་བཟོ་བ་འདི་དག་གི་ཁྲོད་ན། ལོ་ན་གཞོན་པའི་ཕོ་གསར་ཚེ་རིང་འཇིགས་མེད་ཀྱིས་གསར་འགོད་པར“ང་དམའ་འབྲིང་སློབ་མཐར་ཕྱིན་མ་ཐག་པ་ཡིན། མཐོ་འབྲིང་གི་འཚོ་བའི་གྲོན་དངུལ་ཕྲན་བུ་རེ་བཙལ་མཐར། ཁྱིམ་གྱི་ཁུར་པོ་ཡང་བའི་ཆེད་དུ་གུང་སེང་སྐབས་དང་བསྟུན་ནས་ཉིན་གླ་རུ་ཡོང་བ་ཡིན་ཞེས་བཤད།

ཁྱིམ་གཞིས་གནས་ཚང་འཕེལ་རྒྱུས་གཏོང་དུས་མི་ཆོས་རིག་གནས་ཐོན་ཁུངས་སོར་ཉར་བྱེད་ཐུབ་པར་མ་ཟད། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། དེའི་ཕྱིར་ཉག་རོང་རྫོང་གིས་རང་ངོས་ཀྱི་ཐོན་ཁུངས་ཁྱད་འཕགས་ལ་ཞིབ་འཇུག་ཧུར་ཐག་བྱས་ནས་ས་གནས་ཀྱི་ཚད་དཔོག་གནད་དུ་འཁེལ་བ།རྩེ་གྲ་ཅན་གྱི་གནས་ཚང་གི་ལས་གཞི་ནང་འདྲེན་བྱས་པ་རེད། དུས་མཚུངས་སུ་རང་བྱུང་ལ་བརྩི་མཐོང་དང་། རང་བྱུང་ལ་འཕྲོད་མཐུན། རང་བྱུང་ལ་སྲུང་སྐྱོང་བྱས་པའི་རྨང་གཞིའི་ཐོག་ཏུ། ཁྱིམ་གཞིས་གནས་ཚང་མདུན་གྱི་སྤང་ལྗོངས་ནང་དུ་ཤྭ་ཁྲ50གསོ་ཚགས་བྱས་པར་བརྟེན། འདིར་འོང་པའི་ཡུལ་སྐོར་བ་དག་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པའི་བདེ་སྐྱིད་ཀྱི་དྲོད་ཁོལ་ཉམས་སུ་གང་ལེགས་མྱང་དུ་བཅུག་པ་རེད། རི་སྣེ་གྲོང་སྡེའི་ཀྲུའུ་རེན་ཚེ་དབང་གིས་སྨྱུག་འཛིན་པར་ན་ནིང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་འོག་ང་ཚོ་བརྒྱད་ཟིལ་རྫོང་དུ་སོང་ནས་ཤྭ་བ་གསོ་སྟངས་ཀྱི་ལག་རྩལ་ཟླ་བ་གཅིག་སློབ་སྦྱོང་བྱས་པ་དང་། ད་ལྟ་ང་ཚོས་ཤ་བ་གསོས་ནས་ཟླ་རེའི་ཡོང་སྒོ་སྒོར3000ལ་སླེབས་པ་དང་།གྲོང་སྡེའི་ནང་དུ་ཁྱིམ་གཞིས་གནས་ཚང་འཛུགས་སྐྱོང་བྱས་ནས་གྲོང་མིར་ལས་ཀ་ཡོད་པ་དང་ཡོང་འབབ་འཕར་སྣོན་བྱུང་བ་དང་ཆབས་ཅིག གྲོང་མི་ཚོས་ས་ཞིང་མ་རྐང་འཇོག་པའི་རྣམ་པའི་ངོས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ནང་མ་རྐང་འཇོག་མཐར། ཕྱིན་ཆད་ནས་ཡོང་འབབ་བགོ་སའི་ནང་ཞུགས་ཆོག་པ་རེད། ཏང་ཨུ་དང་སྲིད་གཞུང་གི་སྲིད་ཇུས་དཔེ་མི་སྲིད་པ་ཡག་པོ་རེད་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

ཉེ་བའི་ལོ་ཤས་རིང་། ཉག་རོང་རྫོང་གིས་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུ་གསར་བར་འཚོལ་ཞིབ་ཧུར་ཐག་གིས་བྱས་ནས”འབྲེལ་འདྲིས་ཆེན་པོ“”ཐོན་ལས་ཆེན་པོ" "ཡུལ་སྐོར་ཆེན་པོ"བཅས་ཀྱི་བསམ་ཕྱོགས་ལ་དམིགས་ནས། ཤོང་ཚད་རྒྱ་བསྐྱེད་དང་སྤུས་ཚད་མཐོར་འདེགས། གྲངས་འབོར་འཕར་སྣོན། ལྗོངས་ཁུལ་ཅན་དུ་བསྒྱུར་རྒྱུ་རྩ་གནད་དུ་བཟུང་ནས། སྔོན་ཚོད་བྱས་ན་རི་སྣེ་གྲོང་སྡེའི་ནང་སྒོར་ཁྲི7000བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་མུའུ302.6ལ་ཟིན་པ་དང་། དེར་ཁྱད་ཆོས་ལྡན་པའི་ཁྱིམ་གཞིས་གནས་ཚང་དང་།རྒྱ་སྨན་སྨན་རྩྭ་འདེབས་འཛུགས། ཤྭ་ཁྲ་གསོ་སྤེལ། སྦྲ་གུར་སྒར་ཚུགས་བཅས་གཅིག་འདུས་ཀྱི་ཞིང་ལས་ཡུལ་སྐོར་འབྲེལ་འདྲིས་ཀྱི་དཔེ་སྟོན་གླིང་ཁུལ་འདུས་པ་རེད། དཔེ་སྟོན་གླིང་ཁུལ་དོ་དམ་དང་ཞབས་ཞུ་ལེགས་པོར་སྒྲུབ་ཆེད། དཔེ་སྟོན་གླིང་ཁུལ་གྱིས་ལས་བཟོ་བཀོལ་སྤྱོད་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་སྐབས་ས་གནས་དེ་གའི་མང་ཚོགས་དང་ཞིང་ལས་ཐོན་རྫས་ལ་དམིགས་སུ་བཀར་ནས་བསམ་བློ་བཏང་སྟེ་རི་སྣེ་གྲོང་སྡེའི་མང་ཚོགས་ཚོས་རང་ཁྱིམ་དང་ཉེ་ས་ནས་ལས་ཀ་རྙེད་པ་དང་། ཡོང་འབབ་རག་ནས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་འཕར་ནས་འབྱོར་ཕྱུག་ལམ་དུ་ཐབས་ལམ་རྒྱ་སྐྱེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་བྱས་རྗེས། ཉག་རོང་གི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་དང་སྣེ་ལེན་འཇོན་ནུས་ཇེ་དྲག་ཏུ་ཕྱིན་ནས་ཡུལ་སྐོར་བ་ལ་སྡོད་ཁང་ཆ་རྐྱེན་དེ་བས་ཡག་པོ་མཁོ་འདོན་བྱེད་ཆོག་པའི་དུས་མཚུངས་སུ། ཐོན་ལས་འཕེལ་རྒྱས་ལ་ཐུན་མིན་གྱི་ཁྱད་ཆོས་དང་དཔལ་འབྱོར་ཡོང་འབབ་ལ་རྟེན་ས་ཡོད་པ། མང་ཚོགས་ཡོང་སྒོ་འཕར་བར་འགན་སྲུང་ཡོད་པ་བཅས་མངོན་འགྱུར་བྱུང་ངེས་རེད།

ཉག་རོང་རྫོང་གི་ཞིང་ལས་དང་ཡུལ་སྐོར་འབྲེལ་འདྲིས་ཀྱི་དཔེ་སྟོན་གླིང་ཁུལ་གྱི་སྣེ་ཁྲིད་འོག་ཏུ་ཉེ་འཁོར་ཞིང་དུད་ཀྱི་བསམ་བློ་རིམ་བཞིན་ལེགས་གྱུར་བྱུང་ནས་། མང་ཚོགས་དེ་བས་མང་པོས་ཁྱད་ཆོས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་རྒྱབ་སྐྱོར་ཐོབ་པར་བརྟེན། སྲོལ་རྒྱུན་ཞིང་ལས་ཏེ་ཁྱད་ཆོས་ཞིང་ལས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་འཚོ་བ་ཇེ་ལེགས་སུ་ཕྱིན་བཅུག་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ནགས་རྩྭའི་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།