རང་ཁུལ་གྱི་ནགས་རྩྭའི་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།

བདེ་སྐྱིད་ཀྱིས་བསྒྱུར།        2021-08-11

      སྤྱི་ཟླ8པའི་ཚེས4ཉིན། གསར་འགོད་པས་ཁུལ་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སྟོད་ནས་བཟུང་། རང་ཁུལ་གྱིས“1234”ནགས་རྩྭའི་ལས་ཀའི་བསམ་ཕྱོགས་ལྟར་ལྟེ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་གཙོ་གནད་ལས་གཞིར་དམ་འཛིན་ཏན་ཏིག་བྱས་ནས། ཁུལ་ཡོངས་ཀྱི་ནགས་རྩྭའི་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་སྟེ། གཅིག་ནི་དོ་དམ་ཚོད་འཛིན་ལ་ཤུགས་བརྒྱབ་སྟེ་ཐོན་ཁུངས་དོ་དམ་བྱེད་སྟངས་ལ་སྔར་བས་ནུས་ལྡན་བྱུང་བ་དང་། གཉིས་ནི་ཕྱོགས་བསྡུས་ཐོག་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ། མེ་སྐྱོན་འགོག་ཟོན་ཚོད་འཛིན་ནུས་པ་རྒྱུན་མཐུད་དུ་ཇེ་དྲག་བཏང་བ། གསུམ་ནི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཉམས་གསོའི་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བ། བཞི་ནི་ཚན་རྩལ་ལ་བརྟེན་ནས་ནགས་ལས་དར་སྤེལ་གཏང་རྒྱུར་རྒྱུན་འཁྱོངས་བྱས་ཏེ། འདེགས་སྐྱོར་དང་འགན་སྲུང་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ། ལྔ་ནས་ལྗང་མདོག་དམངས་ཕན་རྒྱུན་འཁྱོངས་བྱས་ཏེ། ནགས་རྩྭའི་ཐོན་ལས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ་རེད།།

  • ལེ་ཚན་སྔོན་མ།:ལོ་སྟོད་རང་ཁུལ་གྱིས་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་ཞུགས་བརྟན་ཁྲོད་ཡག་ཕྱོགས་སུ་འཕེལ།
  • ལེ་ཚན་རྗེས་མ།:ཡུལ་གྲུ་ཕ་ས་དག་པའི་ཞིང་ཁམས་སུ། བདེ་སྐྱིད་འཚོ་བ་སྦྲང་རྩིའི་རིགས་སུ་མཐུན།
  • དོ་སྣང་ཆེ་བའི་རྩོམ།