སྡེ་དགེ་པར་ཁང་གི《བཀའ་བསྟན་བསྐྱར་བརྐོ་ལས་གྲྭ》ཡི་རྣམ་གྲངས་བདེ་བླག་ངང་སྤེལ།

        2015-07-20

སྡེ་དགེ་པར་ཁང་གི《བཀའ་བསྟན་བསྐྱར་བརྐོ་ལས་གྲྭ》ཡི་རྣམ་གྲངས་དེ2013ལོའི་ཟླ་བ4པར་འགོ་བཙུགས་པ་ནས་བཟུང་།ཕྱོགས་གང་ཅིའི་ཐད་ལ་སྐུལ་འདེད་ནུས་ལྡན་བྱས་པའི་རྐྱེན་གྱིས།རྣམ་གྲངས་བདེ་བླག་ངང་སྤེལ་བཞིན་ཡོད།མིག་སྔའི་བར་དུ་ཁྲེང་ཏུའུ་ཀའོ་ཞིན་ཆུས་ཀྱིས་མ་དངུལ་སྒོར་ཁྲི301ལྷག་ཙམ་བཏང་ཞིང་སྒོར་ཁྲི4སྤྱད་ནས་བརྐོས་དཀྲོལ་པང་ལེབ་ཉོས་བ་དང་།ད་ལྟ་པར་ཤིང1500ལྷག་སྤྱད་ཟིན་པ་རེད།《བཀའ་བསྟན》གྱི་པར་ཤིང་བསྐྱར་བརྐོ་བྱེད་ཐབས་གནའ་བོའི་པར་ཤིང་བཟོ་རྩལ་སྤྱད་དེ་གསར་རྐྱང་གི་བཀའ་བསྟན་པར་ཤིང་ཆ་ཚང་ཞིག་བསྐྱར་བཟོ་བྱས་ནས།པར་ཁང་གི་རྒྱུན་མཁོ་དང་ཡུལ་སྐོར་ཁྲོམ་རའི་དགོས་མཁོ་བསྐང་ཐུབ་པ་རེད།།
 
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་མ་རྐང་འཇོག་མཁན་གྱི་ཚོགས་ཆེན་དར་མདོར་འཚོགས། 
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་དར་མདོ་དང་ལྕགས་ཟམ།དུང་དཀར་ལུང་པ།རྟའུ་བཅས་ལ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་དང་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།