བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་གྲགས་ཅན་དཔག་བསམ་དོན་གྲུབ་ལགས་ཀྱི་ཕྱག་བྲིས་དར་མདོར་བཤམ་སྟོན་གནང་། 

ཨོ་རྒྱན་དོན་གྲུབ་ཀྱིས།        2015-07-20

སྤྱི་ཟླ7པའི་ཚེས13ཉིན་ལ་དཀར་མཛེས་ཁུལ་རིག་གནས་ཁང་དང་དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཁང་དང་བོད་ཡིག་བྲིས་པ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་འོག་ཏུ་དཀར་མཛེས་ཁུལ་སྐབས་གཉིས་པའི་བོད་ཡིག་བྲིས་གཟུགས་བགྲོ་གླེང་དང་འགྲེམ་སྤེལ་ཚོགས་འདུ་དེ་དཀར་མཛེས་མི་རིགས་ལས་བྱེད་སློབ་གྲྭའི་བོད་ལུགས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད།ཉིན་དེའི་ཕྱི་དྲོར་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་བརྩེགས་ལྔ་པར་བོད་ཀྱི་བྲིས་གཟུགས་པ་གྲགས་ཅན།དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཔག་བསམ་དོན་གྲུབ་མཆོག་གིས་ཉེ་བའི་ལོ་འགའི་ནང་ཕྱག་བྲིས་གནང་བའི་བྲིས་གཟུགས་ཀྱི་བརྩམས་ཆོས་བརྒྱ་ལ་ཉེ་བ་ཞིག་བཤམ་སྟོན་གནང་བ་རེད།བཤམ་སྟོན་ཐོག་ཏུ་བོད་ཀྱི་ལྷ་རིས་པ་དང་བྲིས་གཟུགས་སྒྱུ་རྩལ་གྱི་ཆེད་མཁས་པ་གང་མང་ཞུགས་ཡོད་པར་མ་ཟད།ཁོང་གིས་དཀའ་སྤྱད་དངོས་སྒྲུབ་ཀྱི་ཀུན་སྤྱོད་ལ་རྗེས་སུ་ཡི་རངས་དང་སོར་རྩེའི་འཕྲུལ་ལས་འཁྲུངས་པའི་ཕུལ་བྱུང་གི་བརྩམས་ཆོས་དག་ལ་གདེང་འཇོག་དང་མཐོང་ཆེན་ཚད་མཐོན་པོ་གནང་བས་མ་ཚད།བོད་ཀྱི་ལྷ་རིས་པ་གྲགས་ཆེན་ལེགས་སྨོན་དང་བོད་ཀྱི་བྲིས་གཟུགས་པ་གྲགས་ཅན་མདོ་ཁམས་པ་ཚེ་རིང་དབང་རྒྱལ་སོགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་ཞིང་དགེ་རྒན་དཔག་བསམ་དོན་གྲུབ་མཆོག་ལ་བྱ་བ་ལམ་འགྲོ་ཡོང་བའི་ཤིས་ཚིག་ཕུལ་བ་རེད།།
  • ལེ་ཚན་སྔོན་མ།:ཁྲེན་ཝུན་ཧྭ་དང་ཡེ་ཤེས་ཟླ་བ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་ཕེབས་ནས་ཆེད་དོན་སྙན་ཞུ་ཕུལ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་མཐོ་རིམ་པར་ལེན་སྒྱུ་རྩལ་གྱི་འཆད་ཁྲིད་དར་རྩེ་མདོ་ལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།