ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ཆུ་ཚད་མཐོ་རུ་གཏང་དགོས་ཞེས་གསུངས།

        2021-05-26

ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དོ་དམ་ལས་ཀར་ཆེད་དོན་དུ་ཉན་འཇོག་གནང་སྐབས།

སྤྱི་ཟླ5པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཁུལ་ཡོངས་ཀྱི་འགན་བཅོལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་འཁོར་སྐྱོད་བྱས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བ་དང་ཆབས་ཅིག འབྲེལ་ཡོད་གནད་དོན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཤིང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱི་ནང་ཁུལ་དོ་དམ་དང་ཕྱིན་ཆད་ལས་ཀར་བླང་བྱ་།ཞིབ་ཕྲ་བཏོན་པ་རེད།

ཞའོ་ཡིའུ་ཚའེ་ཡིས་བསྟན་དོན། སྤྱི་ཚོགས་འགན་བཅོལ་དང་སྤྱི་གསོག་མ་དངུལ་ལས་ཀ་ནི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་ཡོད་པས་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱས་དང་བྱེད་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཚོགས་འགན་བཅོལ་དང་སྤྱི་གསོག་མ་དངུལ་དོ་དམ་སྡེ་ཁག་གིས་བསམ་པ་རྣམ་དག་གིས་ལས་འགན་བསྒྲུབས་ནས། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་འགན་བཅོལ་མ་དངུལ་འཇལ་སྤྲོད་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་བེད་སྤྱོད་གཏོང་བར་ལྟ་སྐུལ་དོ་དམ་ཡག་པོ་བྱས་ཏེ་ལས་ཀ་སོ་སོའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ཞའོ་ཡིའུ་ཚའེ་ཡིས་གཅིག་ནས་སྒྲིག་སྲོལ་སྔར་ལས་ལྷག་པར་བཟོས་དགོས། གཉིས་ནས་ནང་ཁུལ་གྱི་ནོར་སྲིད་དོ་དམ་སྔར་ལས་ལྷག་པར་ཇེ་དྲག་ཏུ་གཏང་དགོས། གསུམ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྔར་ལས་ལྷག་པར་ཤུགས་སྣོན་ཆེན་པོ་བརྒྱག་དགོས།།( བདེ་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་གསར་བརྗེའི་ཐོན་ཁུངས་ལ་གསོན་ཤུགས་གསར་པ་བསྣན།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་དཔལ་ཡུལ་རྫོང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།