ཧྲེན་དབྱང་གིས་ལས་འཁྱུར་ངལ་གསོ་བྱེད་མཁན་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-10

ཧྲེན་དབྱང་གིས་ལས་འཁྱུར་ངལ་གསོ་བྱེད་མཁན་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཧུའུ་ཁེ་ལིའི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བཞིན་པའི་ཚུལ།

སྤྱི་ཟླ5པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁྲེང་ཏུའུ་རུ་རང་ཁུལ་གྱི་ཐིང་རིམ་པའི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་བློ་མཐུན་རྒན་གྲས་ཁག་གཅིག་ལ་འཚམས་འདྲི་གནང་ནས་བློ་མཐུན་རྒན་གྲས་ཚོས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཐད་མཛད་རྗེས་གལ་ཆེན་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། བློ་མཐུན་རྒན་གྲས་ཚོས་སྔར་མ་ནང་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་པས་མ་ཚད། ཁོང་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་སྐོར་ལ་བཏོན་པའི་གྲོས་མགོ་དང་བསམ་འཆར་གསན་འཇོག་ནན་ཏན་གནང་བ་རེད།

ཧྲེན་དབྱང་སྔ་རྗེས་སུ་ཧུའུ་ཁེ་ལི་དང་གོ་ཚུལ་ཁྲིམས། ཨ་རྒྱས་ཕན་ཚོགས། ལི་ཁང་། བློ་བཟང་ཆོས་འཕེལ་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་བློ་མཐུན་རྒན་གྲས་ཚོའི་ལུས་ཁམས་དང་འཚོ་བ་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་མོ་གནང་བ་དང་འབྲེལ་ཚང་མས་ཁུལ་ཨུ་དང་སྲིད་གཞུང་གི་ལས་དོན་ལ་གྲོས་མགོ་དང་བསམ་འཆར་ཅི་ཡོད་ཞིབ་འདྲི་གནང་བ་རེད།

ཧྲེན་དབྱང་གིས་བློ་མཐུན་རྒན་གྲས་ནི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཡིན་ཞིང་། དཀར་མཛེས་ཁུལ་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་རྒན་གྲས་ཚོས་དཀའ་སྤྱད་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད། མིག་སྔར་དཀར་མཛེས་ཁུལ་འདི་ཉིད་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས་མདུན་ལམ་རྒྱ་ཆེན་པོ་ཡོད་ལ་རེ་བའང་ཆེན་པོ་ཡོད་པ་རེད། ངས་རང་འགན་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་སྲ་བརྟན་འགྱུར་མེད་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལྟར་སྐབས་རིམ་བྱུང་གི་ཏང་ཨུ་དང་སྲིད་གཞུང་གིས་བཏིང་པའི་སྲ་ཞིང་བརྟན་པའི་རྨང་གཞིའི་ཐོག་འབད་འབུངས་ཡར་བརྩོན་གྱི་ལས་དོན་སྤེལ་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱས་ཏེ་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་མི་གཏོང་། དཀར་མཛེས་ཁུལ་གྱི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་། བློ་མཐུན་རྒན་གྲས་ཚོས་ཁུལ་ཨུའི་ལས་དོན་ལ་མུ་མཐུད་ནས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རྩ་ཆེའི་བསམ་འཆར་དང་གྲོས་མགོ་མང་ཙམ་འདོན་པ། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ལམ་བུ་གསར་པའི་ཐོག་ཐབས་འདོན་ཇུས་འདོན་བྱ་རྒྱུའི་རེ་བ་ཟོལ་མེད་འཆང་བཞིན་ཡོད་ཅེས་གསུངས་པ་རེད།

འཚམས་འདྲི་བྱེད་རིང་ཧྲེན་དབྱང་གིས་འབྲེལ་ཡོད་སྡེ་ཚན་ལ་སེམས་ཤུགས་ཡོད་རྒུ་བཏོན་ནས་ལས་འཁྱུར་ངལ་གསོ་བྱེད་བཞིན་ཡོད་པའི་བློ་མཐུན་རྒན་གྲས་ལ་ཞབས་ཞུ་དང་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མ་སྐུལ་དང་བླངས་ཀྱིས་ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

བློ་མཐུན་རྒན་གྲས་ཚོས་ཁུལ་ཨུ་དང་སྲིད་གཞུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་འཚམས་འདྲིར་ཕེབས་ཡོད་པ་རེད།། 



  • ལེ་ཚན་སྔོན་མ།:བཅིངས་འགྲོལ་སྔོན་དཀར་མཛེས་ཁུལ་གྱི་ཏང་གི་གསང་བའི་རྩ་འཛུགས།
  • ལེ་ཚན་རྗེས་མ།:​རྟ་རྒྱུག་བང་རྩལ་འགྲན་བསྡུར་ནས་དཀར་མཛེས་ཁུལ་གྱི་མཛེས་ཉམས་བསྟན།
  • དོ་སྣང་ཆེ་བའི་རྩོམ།