ཁུལ་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-06

སྤྱི་ཟླ4པའི་ཚེས28ཉིན། ཁུལ་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཁུལ་དང་རྫོང་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་བེད་སྤྱོད་ཡག་པོ་བྱས་ཏེ་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་བླང་བྱ་དང་དེ་བས་འཚམ་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ལ་ཞབས་འདེགས་ཞུ་བའི་རང་འགུལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རྒྱུད་རིམ་ལྡན་པའི་མཛུབ་ཁྲིད་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་སློབ་སྦྱོང་ནང་ཞུགས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཆིང་ཧྭ་ཡིས་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གྲོས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་རིགས་གཞུང་ཞིབ་འཇུག་ཨུ་ལྷན་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཙེང་ཞིའུ་ཆུང་དང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཞིང་ལས་དཔལ་འབྱོར་ཁང་བློ་འདྲི་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥན་དབྱི་དབྱང་གཉིས་ཀྱིས་ཁག་བགོས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད།

ཙེང་ཞིའུ་ཆུང་གིས་ཆེད་དོན་ཟུར་ཁྲིད་ནང་མི་དམངས་སྲིད་གྲོས་ཀྱིས་ལོ70ལྷག་ཙམ་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་དང་ལོ་རྒྱུས་ཀྱི་ནུས་པ་འདོན་སྤེལ་བྱས་པར་རྒྱུད་རིམ་ལྡན་པའི་ངང་འཆད་ཁྲིད་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན། དེ་བཞིན《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》སོགས་ཀྱི་ནང་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། ཧྥན་དབྱི་ཡང་གིས་ཞིང་ལས་ཀྱི་ཁྱད་ཆོས་དང་དེང་རབས་ཞིང་ལས་ཀྱི་ཁྱད་ཆོས་གཙོ་བོ། དེང་རབས་ཞིང་ལས་ཀྱི་རིགས་དབྱེ། རང་རྒྱལ་དེང་རབས་ཞིང་ལས་ཀྱི་འཕེལ་ཕྱོགས། དཀར་མཛེས་ཁུལ་གྱི་ཞིང་ཆེན་རིམ་པའི་ཞིང་ལས་ཀྱི་གནས་ཚུལ་མདོར་བསྡུས་བཅས་ཕྱོགས་ལྔར་དམིགས་ནས་རང་ཁུལ་གྱི་མཐོ་སྒང་དེང་རབས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྒྱུད་ཁུལ་འཛུགས་སྐྲུན་དང་མིག་སྔའི་ཞིང་ལས་འཕེལ་རྒྱས་ཐད་ཐོན་པའི་གནད་དོན་གསར་པ་དང་གནས་ཚུལ་གསར་པར་དོན་སྙིང་ཟབ་མོ་ལྡན་པའི་འགྲེལ་བཤད་བརྒྱབ་པ་དང་། རང་ཁུལ་གྱི་དེང་རབས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་དམིགས་སའི་རང་བཞིན་དང་བློ་སྒོ་འབྱེད་པའི་རང་བཞིན་ཆེན་པོ་ལྡན་པ་རེད།

ཚོགས་ཞུགས་བློ་མཐུན་ཚོས་ནན་ཏན་གྱིས་ཉན་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་བླངས་ཏེ་ཚང་མས་ཆེད་རམས་པ་གཉིས་ཀྱིས་ཚང་མར་གསོན་ཉམས་ལྡན་པའི་སློབ་ཚན་གཅིག་འཚོགས་བྱུང་། དེ་ནང་ངོ་མཚར་ཆེ་བའི་ལོ་བརྒྱའི་ལོ་རྒྱུས་དང་མི་དམངས་སྲིད་གྲོས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་དུས་རབས་གསར་པའི་སྲིད་གྲོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕན་ཐོགས་ཡོད་ལ། ཚང་མས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཆུ་ཚད་མཐོ་བའི་འགན་སྒྲུབ་ཞབས་ཞུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་བཅས་ལ་ཕན་ནུས་ལྡན་ཡོད་ཅེས་བཤད་པ་རེད།

ཚོགས་འདུའི་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་འཆད་ཁྲིད་དེ་གོ་སྐབས་སུ་བརྩིས་ནས་སློབ་སྦྱོང་དང་བསམ་གཞི། རྟོགས་པ། ལག་ལེན་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གོ་བ་ལོན་པར་བྱེད་པ། འགན་འཁྲི་བསྒྲུབས་ནས་དམངས་ཀྱི་དོན་དུ་གཉེར་བ། འབད་འབུངས་ཡར་བརྩོན་གྱིས་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱེད་པ་དེ་སྲིད་གྲོས་ལས་དོན་དང་ཕན་ཚུན་སྐུལ་སྤེལ་ཐུབ་པར་སྐུལ་འདེད་གཏང་དགོས་པ་བསྟན་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དར་མདོ་དང་ལྕགས་ཟམ་རྫོང་དུ་དུས་ཆེན་སྔོན་གྱི་འགྲིམ་འགྲུལ་ཤར་གཏོང་དང་རིམས་ནད་འགོག་ཟོན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།