ལྕགས་ཟམ་མྱུར་འཕྲོག་བྱས།

ཡེ་མགོན་གྱིས་བསྒྱུར།        2021-04-27

   

ལྕགས་ཟམ་མྱུར་འཕྲོག་བྱས།

  འདི་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་དཔུང་ཕྱོགས་དང་པོས་རྒྱང་སྐྱོད་ལམ་བར་གྱི་འགག་རྩའི་རང་བཞིན་གྱི་འཐབ་འཛིང་ཞིག་ཡིན་ཞིང་། 1935ལོའི་སྤྱི་ཟླ5པའི་ཚེས29ཉིན་གྱི་ཐོ་རེངས་སུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་གཡས་ངོགས་གཞུང་སྒྲིག་རུ་ཁག་གི་གདོང་ལེན་པའི་དམར་དམག་དཔུང་ཕྱོགས་དང་པོའི་ཁྲི་ཤོག་གཉིས་པའི་མདའ་ཤོག་བཞི་པ་ཉིན་མཚན་སྦྲེལ་ནས་ལེ་དབར240བསྐྱོད་མཐར། ལྕགས་ཟམ་གྱི་ནུབ་ངོགས་བཙན་བཟུང་བྱས་པ་རེད། ཉིན་དེའི་ཕྱི་དྲོར་དམར་དམག་མདའ་ཤོག་བཞི་པའི་དཔོན་དམག22ལས་གྲུབ་པའི་འཕྲལ་རྒོལ་རུ་ཁག་གིས་ལྕགས་ཟམ་ཐོག་ཏུ་པང་ལེབ་བཏིང་སྟེ་གོག་བགྲོད་བྱས་ནས་ཤར་ངོགས་ཀྱི་དགྲ་བོའི་མེ་ཤུགས་ཕྱོགས་སུ་གདོང་མཆོངས་བྱས་ནས་མདུན་དུ་བསྐྱོད། གཡོན་ངོགས་གཞུང་སྒྲིག་རུ་ཁག་གིས་གཞོགས་འདེགས་བྱས་འོག ལྕགས་ཟམ་རྫོང་གྲོང་ཁུལ་སྲུང་མཁན་གྱི་གོ་མིང་ཏང་གི་དམག་དཔུང་ཚར་གཅོད་བྱས་ནས་ལྕགས་ཟམ་རྫོང་གི་གྲོང་ཁུལ་བཟུང་བར་བརྟེན། དམར་དམག་དཔུང་ཕྱོགས་དང་པོའི་གཙོ་ཤུགས་བྱང་ཕྱོགས་སུ་བསྐྱོད་པར་བགྲོད་ལམ་བཏོད་ཡོད་པ་རེད། 

     སྤྱི་ཟླ5པའི་ཚེས30ཉིན་མའོ་ཙེ་ཏུང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་ལྕགས་ཟམ་ཁར་ཕེབས་འབྱོར་བྱུང་ནས་ཀྲུང་དབྱང་གིས་ལྕགས་ཟམ་ཁའི་གྲོས་ཚོགས་འཚོགས་ཏེ་བྱང་ཕྱོགས་སུ་བསྐྱོད་པའི་ལམ་བུ་གཏན་འཁེལ་བྱས་པ་རེད། ཅང་ཅེས་ཧྲི་ཡིས་དམར་དམག་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ལྷོ་ངོགས་ས་ཁུལ་དུ་མེད་པ་བཟོ་རྒྱུའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོའི་ཕག་མོ་རི་བོར་ཕུག་ལམ་སྐྲུན་བཞིན་པའི་སྒང་རེད།
  • ལེ་ཚན་རྗེས་མ།:ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད།
  • དོ་སྣང་ཆེ་བའི་རྩོམ།