ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དྲ་བ་དམ་ཚགས་བཟོས།

ཀུན་དགས་བསྒྱུར།        2021-04-12

ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ཡག་པོར་སྒྲུབ་ཆེད།རོང་བྲག་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཞིང་།འགག་སྒོ་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་དྲ་བ་དམ་པོར་བསྲུངས་ནས“བདེ་འཇགས་ལས་གནས”ཡག་པོ་བཙུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་དེས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་སྤེལ་བ་ནས་བཟུང་མེ་འགོག་འགག་སྒོ16བཀོད་སྒྲིག་བྱས་ཡོད་པ་དང་འགག་སྒོ་ཁག་ཏུ་ལས་རེས་མི་སྣས་ཆུ་ཚོད24ལ་ལས་གནས་སྲུང་སྟེ། འགྲོ་འོང་བྱེད་མཁན་འཁོར་རིགས་རྣམས་ནགས་ཁུལ་དུ་སྐྱོད་སྐབས་ངེས་པར་དུ་རྩ་གཉིས་ཨང་རྟགས་སྤྱོད་བཅུག་གིན་ཡོད། ད་སྔའི་བར་རི་འཛེག་མཁན14244ཙམ་དང་རླངས་འཁོར1077ཙམ་ལ་སླེབས། འགག་སྒོ་རེའི་ནང་ངེས་པར་དུ“གཅིག་བདུན”དང“ངེས་པར་འདྲི་བ་གསུམ”བྱེད་དགོས་ཤིང་། “གཅིག་བདུན”ནི་འདི་ལྟ་སྟེ།དབྱུག་པ་ཞིག་གི་འགག་སྒོ་བྱས་པ་དང་བཀའ་རྒྱ་རྡོག་གཅིག་གྱང་དུ་སྦྱར་བ།རྩ་གཉིས་ཨང་རྟགས་ཐོ་འགོད་བྱེད་པ། སྒམ་ཞིག་ཏུ་མེ་ཆས་བསྡུ་བ། སྒྲ་དུང་ཞིག་ནས་དྲིལ་བསྒྲགས་བྱེད་པ། བསྒྲགས་ཡིག་ཤོག་ལེབ་ལམ་འགྲོར་སྤྲད་པ།འཛུམ་ཞལ་མངོན་ནས་གསལ་འདེབས་བྱེད་པ་བཅས་ཡིན། “ངེས་པར་དུ་འདྲི་དགོས་པ་གསུམ”ནི།འགྲོ་འོང་བྱེད་མཁན་ཁ་ལོ་བར་རི་ལ་བསྐྱོད་དོན་ཅི་ཡིན། ཐ་མག་འཐེན་གྱི་ཡོད་དམ། མེ་ཁུངས་ཡོད་དམ་ཞེས་འདྲི་དགོས་ཅིང་། གལ་སྲིད་མེ་ཁུངས་ཡོད་ཚེ་གནས་སྐབས་ལས་ཚབ་དོ་དམ་བྱེད་པ་དང་མེ་ཁུངས་བསྡུ་རུབ་སྒམ་ནང་བླུགས་ནས་མེ་ཁུངས་རི་མགོར་འཛུལ་རྒྱུ་རྩ་བའི་ཐོག་ནས་ནན་འགོག་བྱས་ནས་རི་བོ་དོ་དམ་བྱེད་མཁན་ཡོད་པ་དང་།ལམ་ལ་སྐོར་གཡེང་བྱེད་མཁན་ཡོད་པ།འགག་སྒོར་ལྟ་སྲུང་བྱེད་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ་རྫོང་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་བསྐྲུན་ཡོད།

སྤྱི་ཟླ4པར་དྲོད་ཚད་མཐོ་བ་དང་རླུང་ཁ་ཆེན་བས་མེ་ཉེན་ཆེ་བའི་གནམ་གཤིས་རྟག་ཏུ་བསྟན་ཡོད་པ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་གནས་ཚུལ་དེ་བས་ཛ་དྲག་ཏུ་ཕྱིན་ཡོད།སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་གཅིག་ཐོག་གཉིས་སྤོར་དང་དོན་འཁྱོལ་ནན་པོ་བྱེད་དགོས་ཀྱི་ཡོད། གསར་འགོད་པས་མེ་འགོག་འགག་སྒོ་ནས་སྔོན་འགོག་ཚོད་འཛིན་ལས་དོན་གོ་རིམ་ལྡན་པ་དང་བྱེད་ཐབས་འཚམ་པོ་ཡིན་པས་མ་ཚད་འགག་སྒོ་འགྲམ་གྱི་མེ་ཆས་བསྡུ་རུབ་སྒམ་དུ་མེ་ཆ་སྟོང་ཕྲག་བསྡུས་ཡོད་པ་དང་། འགག་སྒོ་སོ་སོའི་ལས་བྱེད་མི་སྣས་ནགས་ཚལ་རྩྭ་ཐང་གི་མེ་གསོད་ཉེན་འགོག་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ་མཐོང་བ་རེད།།

  • ལེ་ཚན་སྔོན་མ།:“54321”ལས་ཀའི་བྱེད་ཐབས་དམིགས་སུ་ཐོན་པ་བྱས་ནས་ མེ་འགོག་གྱང་རགས་བརྟན་དུ་བཏང་།
  • ལེ་ཚན་རྗེས་མ།:བརྗིད་ཆགས་འུ་ལག་རི་བོ་ནས་ཐོས་པའི་འཕྲིན་བཟང་གི་གླུ་གསར།
  • དོ་སྣང་ཆེ་བའི་རྩོམ།