དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས།

        2021-03-24

དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས།

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ། ཧྲི་ཀང་ཚོགས་འདུའི་ནང་ཞུགས།

དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས།

ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞི་མགྱོགས་མྱུར་འཛུགས་སྐྲུན་དང་། ཁྱད་པར་དུ་དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་མྱུར་གཏོང་ཆེད། སྤྱི་ཟླ3པའི་ཚེས17ནས་ཚེས18ཉིན་བར། རང་ཁུལ་གྱིས་དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་། ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་ཚོགས་འདུའི་ནང་ཞུགས།

ཁུལ་ཨུའི་རྒྱུན་ཨུ་དང་དར་མདོ་གྲོང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཅིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་སོགས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་སྔོན་ལ་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་སྔོན་རྗེས་སུ་དཀར་མཛེས་གྲོང་ཁུལ་གསར་པ་འཛུགས་སྐྲུན་ཡུལ་དངོས་ཏེ་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་དང་ཁུག་རྟ་ལུང་པའི་སྦུག་ཆུའི་བཟོ་གྲྭ། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་སོགས་གཙོ་གནད་ལས་གཞི་སྐུལ་འདེད་གཏོང་བའི་གནས་ཚུལ་བརྟག་ཞིབ་དང་རྒྱུས་ལོན་བྱས་པ་རེད།

ལིའུ་ཁྲེང་མིང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་མགྱོགས་མྱུར་གཏང་རྒྱུ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་གལ་ཆེ་བའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་། གཞི་གཅིག་ཅན་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། མདུན་སྐྱོད་ཀྱི་འདུ་ཤེས། ས་ཁོངས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་།

ལིའུ་ཁྲེང་མིང་གིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྔར་བས་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱེད་ཅིང་། ཉམས་མྱོང་ཕྱོགས་སྡོམ་དང་འགན་འཁྲི་དོན་འཁྱོལ་བྱ་དགོས། གཅིག་ནས་དར་མདོ་དང་ལྕགས་ཟམ་ཁ། དར་མདོའི་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཆར་འགོད་སྔར་བས་འཐུས་ཚང་དུ་བཏང་ནས་ལམ་དང་ཟམ་པ་སོགས་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཚང་མ་ཞིབ་ཚགས་ཡག་པོ་བཟོ་དགོས་པ་དང་། གཉིས་ནས་ལས་གཞིར་སྐུལ་འདེད་ཤུགས་ཆེན་གཏང་དགོས། གསུམ་ནས་ལས་གཞི་སྤེལ་སྟངས་ལ་ཤུགས་བརྒྱབ་ནས་དམིགས་ས་ཡོད་པའི་སྒོ་ནས་ཚོང་འགུག་མ་འདྲེན་བྱ་དགོས། བཞི་ནས་གྲུབ་རྐྱེན་གྱི་འགན་སྲུང་ཇེ་ལེགས་སུ་གཏོང་ཞིང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ་གཙོ་གནད་ལས་གཞི་སྔ་ཙམ་བསྐྲུན་པ་དང་ལས་མགོ་སྔ་ཙམ་འཛུགས་པ་དང་ཕན་འབྲས་སྔ་ཙམ་ཐོན་ཐུབ་པ་བཅས་ལ་སྐུལ་འདེད་གཏང་དགོས། ལྔ་ནས་ལས་གཞི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་རིམ་པའི་མགོ་ཁྲིད་དང་། འབྲེལ་འདྲིས་བྱེད་པའི་ནང་རྐྱེན། གཙོ་གནད་ལས་གཞི་བཀོད་གཏོང་ལམ་སྲོལ་དང་གཙོ་གནད་ལས་གཞི་དཔྱད་ཞིབ་བྱེད་པའི་ལམ་སྲོལ་བཅས་སྔར་བས་འཐུས་ཚང་དུ་བཏང་ནས། ལས་གཞི་སྐུལ་འདེད་གཏོང་ཤུགས་མི་འདང་བར་འགན་འཁྲི་བདའ་འདེད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

﹙བདེ་སྐྱིད་ཀྱིས་བསྒྱུར།﹚



  • ལེ་ཚན་སྔོན་མ།:དཀར་མཛེས་ཀྱིས་དམར་དམག་གི་གཙོ་ཤུགས་ཆེན་མོ་ལྷན་འཛོམས་ཡོང་བར་རྨང་གཞི་བཏིང་།
  • ལེ་ཚན་རྗེས་མ།:གློག་ཤུགས་ལས་རིགས་ལ་སྐུལ་ཁྲིད་ཤུགས་ཆེན་བྱས།
  • དོ་སྣང་ཆེ་བའི་རྩོམ།