ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ཏེ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2021-03-22

      སྤྱི་ཟླ3པའི་ཚེས16ཉིན་གྱི་ཕྱི་དྲོར་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས115པ་འཚོགས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙིང་དོན་དང་ཉེ་དུས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཚོགས་འདུ་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

      ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་ཐིང་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོའི་དཔེ་ཀློག་འཛིན་གྲྭའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་སློབ་སྦྱོང་དང་བསམ་བློ་གཏོང་བ། བེད་སྤྱོད་བྱེད་པ་བཅས་གཅིག་གྱུར་ཡོང་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་།བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་དཀར་མཛེས་ཁུལ་དུ་དོན་ལ་བབ་སར་བྱས་ནས་གྲུབ་འབྲས་འཐོབ་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏང་དགོས། གཅིག་ནས་“གསར་པ་གསུམ་”གྱི་ཁོངས་སུ་འདུས་པའི་ཆབ་སྲིད་ཀྱི་ནང་དོན་དང་བསམ་བློའི་ནང་དོན། རིགས་པའི་གཞུང་ལུགས་ཀྱི་ནང་དོན། ལག་ལེན་གྱི་ནང་དོན་བཅས་ཕུན་སུམ་ཚོགས་པོ་ཁོང་དུ་ཆུད་པར་བྱ་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་འཐབ་ཇུས་ཀྱི་དོན་སྙིང་འཕྱུགས་མེད་ངང་ཤེས་རྟོགས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་འཕྱུགས་མེད་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་ཞུགས་པ་དང་།“དེ་བས་སྣང་ཆེན་བྱ་དགོས་པ་བརྒྱད”ལ་དམ་པོར་དམིགས་ནས་དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་དང་སྐུལ་འདེད་གཏང་དགོས། གཉིས་ནས་མི་དམངས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས། གཞུང་ཁོངས་རྒྱུ་ནོར་དང་གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩར་ཐུག་སའི་བཅོས་བསྒྱུར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་འཐོབ་པ་བྱ་དགོས། གསུམ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱ་དགོས་པ་དང་ཉེན་མེད་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་སོགས་ཀྱི་ལས་ཀར་ཤུགས་བརྒྱག་དགོས། བཞི་ནས་གཏན་འབེབས་ལྟར་བྱ་སྤྱོད་ཇི་མ་ཇི་བཞིན་སྤེལ་བ་དང་། རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱ་དགོས། ལྔ་ནས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་བཏོན་ནས་རྫོང་དང་ཡུལ་གྲོང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་པ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ། དབུལ་ཐར་འགག་སྒྲོལ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་འཛིན་ཏན་ཏིག་བཅས་བྱ་དགོས།

     ཚོགས་འདུའི་ཐོག་འདི་ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དམིགས་བསལ་དང་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན་པས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་དང་དྲྭ་བའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་དང་དྲྭ་འཕྲིན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་དྲ་བའི་ཆ་འཕྲིན་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དམ་བསྒྲགས་ཀྱི་གནས་བབ་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་པ་དང་།ཁྲིམས་ལྟར་དྲ་བ་བཅོས་སྐྱོང་ནན་པོ་བྱེད་པ། དོ་དམ་ནན་པོ་བྱེད་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་དྲ་བའི་ཁོར་ཡུག་མུ་མཐུད་དེ་བསྐྲུན་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་དྲིལ་བསྒྲགས་དང་་རིག་གནས་བསམ་བློའི་འཐབ་ཕྱོགས་དང་། དྲ་བའི་བདེ་འཇགས། ཆ་འཕྲིན་ཅན་བཅས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ལག་བསྟར་བྱས་ཏེ་ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་།གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་བློས་འགེལ་ཆོག་པའི་དྲྭ་རྒྱའི་འགན་ལེན་བཅས་བྱ་དགོས། ཆབ་སྲིད་ཀྱི་ལས་འགན་བརྟན་དུ་གཏོང་བ་དང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་ཁོང་དུ་ཆུད་པ་བྱས་ཏེ་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་རྒྱག་པ། འཕྲིན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཞིང་དྲང་ནུས་གཅིག་ཏུ་འགྲིལ་བ་བཅས་བྱ་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དྲིལ་བསྒྲགས་ཀྱི་གཡུལ་ས་གཙོ་བོ་སྟོབས་ཆེ་རུ་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ཡང་དག་བྱེད་པ་དང། དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ཆེད་དོན་འཆར་འགོད་ལ་དམ་པོ་དང་ཞིབ་པོས་འཛིན་པ། གཙོ་གནད་རིག་གནས་ལས་གྲྭ་འཛུགས་སྐྱོང་ལ་མགྱོགས་མྱུར་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་ནན་པོར་བསྟན་པ་རེད།།

  • ལེ་ཚན་སྔོན་མ།:དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དཔལ་མོ་བཞད། མེ་ཏོག་སྣ་བརྒྱ་བཀྲ།
  • དོ་སྣང་ཆེ་བའི་རྩོམ།