"བདུན་གཅིག"ཏང་འཛུགས་དུས་ཆེན་འབྱུང་རྐྱེན།

    ཡེ་མགོན་གྱིས་བསྒྱུར།    2021-03-18

       ཀྲུང་གོ་གུང་ཁྲན་ཏང1921ལོའི་སྤྱི་ཟླ7པའི་ནང་བཙུགས་རྗེས། གདུག་རྩུབ་ཆེ་བའི་འཐབ་རྩོད་ཀྱི་དབང་གིས་དུས་ཡུན་རིང་པོའི་ནང་གཅིག་གྱུར་གྱིས་སྒྲིག་འཛུགས་བྱས་ནས་ཏང་དབུ་བརྙེས་པར་དྲན་གསོ་ཞུ་བའི་ཆ་རྐྱེན་བྱུང་མེད་པ་རེད། 1936ལོར་སླེབས་སྐབས།ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ15འཁོར་བའི་སྐབས་སུ།ཏང་གི་ཚོགས་ཆེན་དང་པོའི་འཐུས་མི་ཁྲེན་ཐན་ཆིའུ་མོ་སི་ཁོ་ལ་པར་སྐྲུན་བྱས་པའི《གུང་ཁྲན་ཏང་རྒྱལ་སྤྱིའི》དུས་དེབ་ཀྱི་བམ་པོ་བདུན་པའི་ནང《འཐུས་མི་ཚོགས་ཆེན་ཐེངས་པོའི་དྲན་གསོ》ཞེས་པའི་རྩོམ་ཡིག་འདི་སྤེལ་ནས་ཏང་དབུ་བརྙེས་པ་ལ་དྲན་གསོ་ཞུས་པ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་ལ་རྗེས་དྲན་བྱས་པའི་རྩོམ་ཡིག་ཆེས་སྔ་ཤོས་ཡིན་པ་རེད། འོན་ཀྱང་རྩོམ་ཡིག་འདི་ནི་ཚོགས་ཆེན་དང་པོ་འཚོག་མགོ་བཙུགས་པའི་ཟླ་བ་དངོས་དེ་གཞི་འཛིན་ས་བྱས་པ་ལས། ཚོགས་ཆེན་དང་པོ་འཚོགས་པའི་དུས་ཚོད་ཞིབ་ཕྲ་དེ་གཞི་འཛིན་ས་བྱས་མེད་པ་རེད།   

    སྤྱི་ཟླ7པའི་ཚེས1ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་དྲན་གསོའི་ཉིན་མོ་བྱས་པ་ནི་བློ་མཐུན་མའོ་ཙེ་ཏུ་གིས1938ལོའི་སྤྱི་ཟླ5པའི་ནང་བཏོན་པ་རེད། སྐབས་དེར་མའོ་ཙེ་ཏུང་གིས《རྒྱུན་སྲིང་དམག་འཁྲུག་གླེང་བ》ཞེས་པའི་དཔྱད་རྩོམ་ནང"ད་ལོའི་སྤྱི་ཟླ7པའི་ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བཅུ་བདུན་འཁོར་བའི་དྲན་གསོའི་ཉིན་མོ་རེད"ཅེས་བཏོན་པ་རེད།འདི་ནི་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས"བདུན་གཅིག"དེ་ཏང་དབུ་བརྙེས་པའི་དྲན་གསོའི་ཉིན་མོ་ཡིན་ཞེས་ཐེངས་དང་པོར་མངོན་གསལ་དུ་བཏོན་པ་རེད། སྐབས་དེར་སྔོན་ཆད་ཚོགས་ཆེན་ཐེངས་དང་པོའི་ཏང་གི་སྲོལ་ལུགས་གསར་དུ་གཏོད་མཁན་མའོ་ཙེ་ཏུང་དང་ཏུང་པི་ཝུའུ་གཉིས་མ་གཏོགས་ཡན་ཨན་ལ་ཡོད་ལེ་མ་རེད། ཁོང་ཚོའི་དྲན་གསོའི་ཡུལ་དུ་ཚོགས་ཆེན་དང་པོ་དེ་སྤྱི་ཟླ་བདུན་པར་འཚོགས་པ་ཡིན་མོད། ཚོགས་འདུ་འཚོགས་པའི་དུས་ཚོད་གནད་ལ་འཁེལ་བ་ཞིག་དྲན་མི་ཐུབ་པར་གྱུར། ཡིག་ཚགས་ཀྱི་དཔྱད་གཞིའི་ཡིག་རིགས་དཀོན་པོ་ཡིན་པས་གནས་སྐབས་ཤིག་ལ་བརྟག་དཔྱད་བདེན་དཔང་བྱེད་ཐབས་མེད་པ་རེད།  

    1941ལོར་ཏང་ཀྲུང་དབྱང་གིས་འཚོགས་པའི་ཚོགས་ཆེན་དང་པོ་དེ1921ལོའི་སྤྱི་ཟླ7པའི་ཉིན་དང་པོ་སྟེ་སྤྱི་ཟླ7པའི་ཚེས1ཉིན་ཏང་གི་དབུ་བརྙེས་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་རེད། ། 

  • ལེ་ཚན་སྔོན་མ།:ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༨
  • ལེ་ཚན་རྗེས་མ།:དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།
  • དོ་སྣང་ཆེ་བའི་རྩོམ།