དཔལ་ཡུལ་རྫོང་གིས་དཔྱིད་རྨོད་ཐོན་སྐྱེད་ལ་འགན་སྲུང་བྱས།

ཀུན་དགས་བསྒྱུར།        2021-03-17

    ད་སྔར་དཔྱིད་རྨོད་དཔྱིད་རྨོད་གྲབས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅིང་།དཔལ་ཡུལ་རྫོང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ཞབས་ཞུ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་པ་བརྒྱུད་དཔྱིད་རྨོད་གྲ་སྒྲིག་ལས་དོན་ལ་འགན་ལེན་བྱེད་བཞིན་ཡོད།

     ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་བྱས་པ་སྟེ། རྫས་ལུད་ཏུན5དང་ཞིང་སྨན་ཏུན0.7 སྔོ་ཚལ་གྱི་ས་བོན་ཁུག་མ་ཁྲི5000 ཞིང་སྤྱོད་འགྱིག་ཤོག་ཏུན1བཅས་གསོག་འཇོག་བྱས་པ་དང་ཆབས་ཅིག་ཁྲིམས་ལུགས་ལག་བསྟར་བྱེད་མཁན་ཐེངས5བཏང་བ་དང་།བྲིན་ཚོང་བྱ་ཡུལ3ལ་ཞིབ་བཤེར་བྱས་པ།ས་བོན་གྱི་སྤུས་ཚད11ལ་ཞིབ་བཤེར་བྱས་པ།ཐོན་རྫས་རྫུས་མ་དང་སྤུས་ཞན་བཟོ་བ།ཞིང་པར་གནོད་འཚེ་བཏང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད།

      སྒྲིག་བཀོད་འགན་ལེན་ལེན་བྱས་པ་སྟེ། ཆུ་བེད་སྒྲིག་བཀོད་ལ་དུས་ཐོག་ཏུ་ཞིབ་བཤེར་བཟོ་བཅོས་བརྒྱབ་ནས་དཔྱིད་རྨོད་ཀྱི་ཆུ་སྤྱོད་ཚད་འགན་ལེན་བྱས་ཤིང་།ད་སྔར་རྫོང་ཡོངས་སུ་ཆུ་བེད་ལས་གྲྭ་འབྲིང་གྲས1དང་།ཆུ་འདྲེན་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི757 ཆུ་འདྲེན་ཁྱོན་མུའུ་ཁྲི3.17བཅས་ཡོད་པས་དཔྱིད་རྨོད་ཆུ་བེད་སྤྱོད་འགན་ལེན་ནུས་ལྡན་ཐུབ་ཡོད།

     ནད་འབུའི་གནོད་པ་མེད་པར་བཟོས་པ་སྟེ། ནུས་ཤུགས་ཡོད་རྒུས་བཏོན་ནས་ནད་འགོག་རིགས་དང་སྨན་སྦྱོར་མཉམ་འདེབས་སོགས་འགག་རྩའི་སྔོན་འགོག་ཚོད་འཛིན་ལག་རྩལ་ཁྱབ་གདལ་གཏོང་བ་དང་།ཆེད་ལས་མི་སྣས་དུས་བཀག་ལྟར་ཁྱབ་སླ་བའི་ནད་འབུའི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་བྱས་པ།ལག་རྩལ་བློ་འདྲི་དང་ཡུལ་དངོས་སྦྱོང་བརྡར་སྤེལ་བ། ཆེད་དོན་གྲོན་དངུལ་སྒོར་ཁྲི5དོན་འཁྱོལ་བྱེད་པ།ཞིང་སྨན་ཏུན1.2ཉོ་སྒྲུབ་ཧུར་ཐག་བཅས་བྱས་ནས་གནོད་འཚེའི་གྱོང་གུན་ཏན་ཏིག་གིས་ཉུང་དུ་བཏང་བ་རེད།།

  • ལེ་ཚན་སྔོན་མ།:འབོ་ཞབས་གྲོང་རྡལ་མོ་ཙི་ལུང་གྲོང་སྡེའི་འབྲི་ཏ་ས་འཛིན་དྲོད་ཁང་དུ་དཔྱིད་ཀྱི་དཔལ་ཡོན་འཆར།
  • ལེ་ཚན་རྗེས་མ།:ལི་ཐང་དུ་བུ་བཅོལ་ཁང་གི་བྱིས་པ་ཚོས་ལྷ་མོའི་ཟློས་གར་འཁྲབ་ནས་སྲོལ་རྒྱུན་རྒྱུད་འཛིན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།