ཉག་རོང་རྫོང་གིས་དཔྱིད་རྨོད་གྲ་སྒྲིག་སྔ་ཙམ་བྱས།

ཀུན་དགས་བསྒྱུར།        2021-03-17

   ད་སྔར་དཔྱིད་རྨོད་གྲ་སྒྲིག་དུས་ལ་སླེབས་ཡོད་ཅིང་།ཉག་རོང་རྫོང་གིས་སྲིད་ཇུས་དྲིལ་བསྒྲགས་དང་ཞིང་སྤྱོད་དངོས་རྫས་གསོག་འཇོག་སྔ་ཙམ་བྱས་ནས་ཞིང་ལས་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་སོགས་བྱེད་ཐབས་བརྒྱུད་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་དེས་ས་བོན་སྤྲོད་པ་དང་།ཞིང་ལས་རྒྱུ་ཆས་སྐྱེལ་བ། གཟིགས་སྐྱོང་སྲིད་ཇུས་དོན་ཐོག་འཁྱོལ་བ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཡུལ་ཤོག་གྲོང་རྡལ་དང་གྲོང་སྡེའི་ཚོ་ཆུང་དུ་སྲིད་ཇུས་དྲིལ་བསྒྲགས་ཐེངས13བྱས་པ་དང་།འཕྲེད་འགེལ་སྦྱར་ཡིག20ལྷག་སྦྱར་བ།དྲིལ་བསྒྲགས་ལག་དེབ800ལྷག་སྤྲད་པ།དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དཔྱིད་རྨོད་གྲ་སྒྲིག་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད།

     དེ་དང་ཆབས་ཅིག་རྫོང་དེས་ནས་ཀྱི་ཆེད་སྤྱོད་རྫས་ལུད་ཏུན36.75དང་།ཞོག་ཁོག་རིགས་ཀྱི་ཆེད་སྤྱོད་རྫས་ལུད་ཏུན3 པད་ཁ་ཆེད་སྤྱོད་རྫས་ལུད་ཏུན3 སྐྱེ་ལྡན་ལུད་སྣ་ཚོགས་ཏུན35བཅས་ཉོ་སྒྲུབ་བྱས་པ་དང་། ནས་ནག་སོན་སྤྱི་རྒྱ66500དང་།པད་ཁའི་སོན་སྤྱི་རྒྱ2100 ཞོག་ཁོག་སོན་སྤྱི་རྒྱ60000བཅས་དང་།སྔོ་ཚལ་གྱི་ས་བོན་སྣ་ཚོགས་འགྱིག་ཕད95 ཞིང་སྤྱོད་འགྱིག་ཤོག་ཏུན1 རླངས་གཏོར་འཕྲུལ་ཆས40 ནས་སོན་འདེབས་འཕྲུལ་འཁོར6 པད་ཁ་སོན་འདེབས་འཕྲུལ་འཁོར1བཅས་ཉོས་ནས་དཔྱིད་རྨོད་ཐོན་སྐྱེད་ལ་དངོས་པོའི་རྨང་གཞི་བཟང་པོ་བཏིང་ཡོད།

    རྫོང་དེས་ད་དུང་ཞིང་ལས་ལག་རྩལ་ཞབས་ཞུའི་ཡན་ལག་རུ་ཁག་བཙུགས་ནས་ཞིང་དང་མུ་ཁར་བསྐྱོད་དེ་ས་རྒྱུའི་བཞའ་ཚན་དང་ནད་འབུའི་གནོད་འཚེ་ཕོག་ཚུལ་ལ་ཞིབ་བཤེར་བྱས་ནས་ཞིང་དུད་ཀྱིས་ཞིང་འཕྲུལ་དང་།རྨོ་ཞིང་།འོག་འདེབས།མྱུ་གུ་བཅས་བདེ་འཇགས་ངང་སྤྱད་རྒྱུར་མཛུབ་ཁྲིད་བྱས་ཏེ་གནོད་འབུའི་གནོད་འཚེ་མི་ཐོན་པ་བྱས་ནས་དཔྱིད་རྨོད་ཐོན་སྐྱེད་ཡག་པོ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:ཞིང་ལས་དུས་ཚོད་མི་འགྱངས་པར།། དཔྱིད་རྨོད་ཐོན་སྐྱེད་ལས་ལ་བྲེལ།།
  • ལེ་ཚན་རྗེས་མ།:འབོ་ཞབས་གྲོང་རྡལ་མོ་ཙི་ལུང་གྲོང་སྡེའི་འབྲི་ཏ་ས་འཛིན་དྲོད་ཁང་དུ་དཔྱིད་ཀྱི་དཔལ་ཡོན་འཆར།
  • དོ་སྣང་ཆེ་བའི་རྩོམ།