ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་རྟའུ་དཔལ་སྨད་ཀྱི་གསེག་རི་གླིང་ག།

ཡེ་ཤེས་ཀྱིས་བསྒྱུར།        2021-03-12

   

ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་རྟའུ་དཔལ་སྨད་ཀྱི་གསེག་རི་གླིང་ག།

   ཉེ་བའི་ལོ་ཤས་རིང་ལ། གསེག་རི་གླིང་ག་ཞེས་པའི་ས་ཆ་ཞིག་གློ་བུར་དུ་དྲྭ་ཐོག་ལ་སྐད་གྲགས་ཁྱབ་སོང་བ་རེད། མི་མང་པོ་ཞིག་གིས་འདི་ལ་ཀྲུང་གོའི་སའི་གོ་ལ་གཞན་པའི་སྐར་མའི་གོ་ལའི་ས་ཆ་དང་འདྲ་འདུག་ཟེར་བཞིན་ཡོད་པ་རེད། སྨག་རུམ་མདོག་གི་བྲག་རྡོ་འདི་དག་ལ་ལྟ་དུས་ཅི་འདྲ་ཡིན་ཞིང་། དེ་དག་ཅི་འདྲ་བྱས་ནས་གྲུབ་པ་ཡིན་རེད་ཅེ་ན།

   དམིགས་བསལ་ཅན་གྱི་མིང་བྱང་དཔལ་སྨད་ཀེར་ལངས་རྡོ་ཚོགས།

  ཀྲུང་གོ་གསེག་རི་གླིང་གའི་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་བྱུང་ཁུལ་རྟའུ་རྫོང་དཔལ་སྨད་གྲོང་རྡལ་མཁར་དམར་གྲོང་སྡེ་དང་གྲོང་མགོ་གྲོང་སྡེ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་པ་རེད། གསེག་རི་གླིང་ག་ནི་ལྗོངས་ཁུལ་གྱི་མིང་ཡིན་ཞིང་དེ་མིན་ས་གཤིས་ཆགས་ཚུལ་འབྱུང་རྐྱེན་ལས་ཆགས་ཚུལ་རྡོའི་གླིང་ག་དང་། ངོ་བོ་གྱུར་བས་ངོ་བོ་འགྱུར་བའི་བྲག་རྡོ་ཡང་འབོད། རྡོའི་གླིང་ག་ཆགས་ཚུལ་རིགས་ཀྱི་མཚན་ཉིད་ལ་དབྱེ་ན་སྨི་ནེང་རྡོའི་གླིང་ག་ཞེས་ཟེར་སྲོལ་མཆིས། རང་རྒྱལ་ལ་རྡོའི་གླིང་ག་མང་པོ་ཡོད་ཀྱང་མང་ཆེ་བ་ནི་ཁ་སི་ཐེ་རྡོའི་གླིང་ག་དང་། བྱེ་རྡོའི་གླིང་ག་དང་འཛེང་རྡོའི་གླིང་ག་སོགས་ཡིན་པ་རེད། དཔལ་སྨད་ཀེར་ལངས་རྡོ་ཚོགས་གླིང་ག་ལྟ་བུའི་དམིགས་བསལ་ཅན་གྱི་ཀེར་ལངས་རྡོ་ཚོགས་གླིང་ག་ནི་ཧ་ཅང་དཀོན་མོ་ཡིན་པས་རྒྱལ་ཡོངས་སུ་དེ་མ་གཏོགས་ཡོད་པ་མ་རེད།

ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་རྟའུ་དཔལ་སྨད་ཀྱི་གསེག་རི་གླིང་ག།

ཧ་ཅང་རྙེད་དཀའ་བའི་ངོ་མཚར་ཅན་གྱི་ས་གཤིས་མཛེས་ལྗོངས།

    དཔལ་སྨད་ཀེར་ལངས་རྡོ་ཚོགས་གླིང་གའི་ཆགས་ཚུལ་སྐོར་བཤད་ན། གས་ཆད་བྱུང་བའི་སྨི་ནེང་བྲག་དེ་ནི་མཚོ་བོད་མཐོ་སྒང་སྟེང་དུ་ཡར་འཕགས་ནས་ས་ངོས་སུ་མངོན་ཡོད། འགྱིག་སྐུད་དེ་དག་གིས་གྲམ་པའི་བྲག་རྡོ་དག་ནི་བཞུར་རྒྱུན་དང་། རླུང་འབབ། ལྗིད་ཤུགས་གས་རྡིབ་སོགས་རླུང་ཟད་ཀྱི་ནུས་པའི་འོག དབྱིབས་རྡོའི་གླིང་གའི་ཡུལ་ལྗོངས་ཆགས་ཡོད། རྟའུ་ཤིས་ཆུའི་གས་སྲུབས་ས་རྒྱུད་ལས་གྲུབ་པའི་སྨི་ནེང་བྲག་རྡོ་རིང་ཚད་སྤྱི་ལེ་བརྒྱ་ལྷག་ཡོད་མོད། འོན་ཀྱང་དཔལ་སྨད་ཀྱི་ས་རྒྱུད་དུ་ཀེར་ལངས་རྡོ་ཚོགས་གླིང་གའི་རིང་ཚད་སྤྱི་ལེ་འགའ་ལས་མེད་པར་བརྟེན། དེ་ནི་ཧ་ཅང་རྙེད་དཀའ་བའི་ངོ་མཚར་ཅན་གྱི་ས་གཤིས་མཛེས་ལྗོངས་ཤིག་རེད།

ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་རྟའུ་དཔལ་སྨད་ཀྱི་གསེག་རི་གླིང་ག།

ངོ་མཚར་ཅན་གྱི་ལྗོངས་ཁུལ་ནས་སླར་ཡང་རང་བྱུང་མཛེས་ལྗོངས་མངོན།

    དཔལ་སྨད་ཀེར་ལངས་རྡོ་ཚོགས་གླིང་ག་ནི་ཉག་ཆུའི་ཡན་ལག་ཆུ་བོ་སྟེ་ཆུ་མདའ་ཆུ་བོའི་ཤར་ཕྱོགས་སུ་ཡོད་ཅིང་། ཆུ་བོ་འབབ་རྒྱུད་ཀྱི་རི་ལྡེབས་སུ་ནར་དབྱིབས་ལྟ་བུ་གྲུབ་ནས་ཆུ་བོ་བརྒྱུད་ཡུལ་གྱི་ལམ་ཟུར་དུ་ཆགས་པའམ་རྩྭ་ཐང་དུ་སིམ་འཛུལ་བྱས་པའི་ཡུལ་ལྗོངས་ངོ་མཚར་ཅན་ཞིག་ཆགས་ཡོད་པ་རེད།

    རྒྱང་རིང་ནས་དཔལ་སྨད་ཀེར་ལངས་རྡོ་ཚོགས་གླིང་གར་བལྟས་ན་ཁ་དོག་གི་སྟེང་ནས་གསལ་བོར་འབྱེད་ཐུབ་པ་རེད། ཀེར་ལངས་རྡོ་ཚོགས་གླིང་གའི་ཁ་དོག་སྐྱ་བོ་ཡིན་ཞིང་། དེའི་མཐའ་སྐོར་དུ་རི་དང་། ནགས་ཚལ། རྩྭ་ཐང་། ཆུ་རྒྱུན་བཅས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་། དུས་ཚིགས་བཞིའི་འགྱུར་ལྡོག་དང་བསྟུན་ནས་རྒྱུན་མི་ཆད་པར་གར་སྟེགས་ཀྱི་རྒྱབ་ཏུ་འགྱུར་ལྡོག་ཆེ་བའི་བཀོད་པ་དང་འདྲ་བ་རེད། དཔལ་སྨད་ཀེར་ལངས་རྡོ་ཚོགས་གླིང་ག་ལ་དུས་ཚིགས་མི་འདྲ་བའི་ནང་དུ་མཛེས་སྡུག་རྣམ་པར་བཀྲ་བའི་རྣམ་པ་མངོན་གྱི་ཡོད། དབྱར་ཁ་ལ་ཆིན་ཧྲན་རི་བོ་དང་། སྤང་རྩི་སྔོན་པོ་མེ་ཏོག་དབྱིབས་དང་མཚུངས། ཀེར་ལངས་རྡོ་ཚོགས་གླིང་ག་ནི་ས་གདན་སྟེང་དུ་བཞག་པའི་ནོར་བུའི་རིགས་སུ་མཐུན། སྟོན་ཀར་སླེབས་དུས་རི་བོ་གང་བོའི་གསེར་སེར་ཟད་ནས་རྩྭ་དང་། ཤིང་མེ་དམར་པོ་འབར་ནས་སླར་ཡང་མེ་དང་འདྲ་བར་གྱུར་འགྲོ།

     རི་རྩེའི་ལྗོངས་སྟེགས་ཐོག་ལངས་ཏེ་ལྟད་མོ་ལྟ་དུས། མཆོད་རྟེན་ལྟ་བུའི་རི་མང་བས་རི་རྩེ་སྟོང་གི་མཛེས་སྡུག་བཅས་མཐོང་རྒྱུ་ཡོད་པས་མིག་ལམ་དུ་ངོ་མཚར་ཅན་གྱི་མཛེས་ལྗོངས་ཤིག་མངོན། གྲོག་རོང་བརྒྱུད་ནས་བསྐྱོད་ཚེ་ལུས་སེམས་ནི་བྲག་རྡོ་གུ་དོག་པའི་ལམ་དང་ནགས་ཁྲོད་དུ་བཞག་ནས་དམིགས་བསལ་གྱི་ས་དབྱིབས་དེ་ལས་བྱུང་བའི་ངོ་མཚར་གྱི་ཚོར་སྣང་ཉམས་ལེན་བྱེད་ཐུབ། ཀེར་ལངས་རྡོ་ཚོགས་གླིང་གར་གནས་པ་དང་ངོ་མཚར་ཆེ་བའི་བྲག་རྡོ་དེ་དག་དང་། ཁེར་རྐྱང་དུ་མཛེས་ལྗོངས་སུ་གྲུབ་པའམ་ཡང་ན་ནགས་ཚལ་དུ་གནས་པ་དེ་ནི་ཀེར་ལངས་རྡོ་ཚོགས་གླིང་གའི་ལྡུམ་ར་ཆེན་པོ་ཞིག་དང་མཚུངས། ལ་ལ་ཁེར་རྐྱང་དུ་ལངས་པ་དེ་ནི་མདའ་དང་འདྲ་བ་འགུལ་ཙམ་ཡང་མི་བྱེད་པ། ལ་ལའི་དབྱིབས་ནི་གཏོར་གཟུགས་མཆོད་རྟེན་དང་འདྲ་བ། ལ་ལ་ཞིག་ནི་ལྷ་ཅོང་དང་འདྲ་སྟེ་གནམ་གྱི་རིམ་པ་དབྱེ་བ་གསལ་ཞིང་། གྲལ་སྟར་འགྲིག་ལ་སྨི་དུ་མར་བརྐྱངས་ཡོད་པས་དེ་ནི་ལྕགས་རི་རེ་རེ་དང་འདྲའོ།།

 

 

 

  • ལེ་ཚན་སྔོན་མ།:རོང་བྲག་བརྒྱ་གྱུར་བོད་གྲོང་དང་བུ་མོ་ཀུའེ་ཧྭ་ལྷ་མོ།
  • ལེ་ཚན་རྗེས་མ།:དོན་དངོས་བསྒྲུབས་ཏེ་ངོ་མཚར་ཆེ་བའི་ལེའུ་བྲིས།
  • དོ་སྣང་ཆེ་བའི་རྩོམ།