ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ལས་བཟོ་ཨུ་ལྷན་གྱིས་ཏང་འཛུགས་དུས་ཆེན་ནང་འོས་བརྟག་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ།

དངོས་གྲུབ་སྒྲོལ་མ།        2015-07-07

ཟླ་བ7པའི་ཚེས1ཉིན། དར་མདོའི་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དུ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱི་ལས་བཟོ་ཨུ་ལྷན་གྱིས་ཁུལ་མི་དམངས་སྨན་ཁང་དང་ནད་རིགས་ཚོད་འཛིན་ལྟེ་གནས་སོགས་འབྲེལ་ཡོད་ལས་ཁུངས6རྩ་འཛུགས་བྱས་ནས། ཏང་བཙུགས་དུས་ཆེན་ནང་འོས་བརྟག་སྨན་བཅོས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་བ་རེད། རིན་པ་མི་དགོས་པའི་མང་ཚོགས་ལ་ནད་ལྟ་བ་དང་ཁྲག་ཤེད་ལྟ་བ། བློ་འདྲི་བྱེད་སའི་སྟེགས་བུ་འཛུགས་པ་སོགས་ཀྱི་རྣམ་པར་བརྟེན་ནས། མི་སེར་ལ་ཏང་གི་དྲོད་སྐྱིད་ཚོར་དུ་བཅུག་པ་དང་དུས་དང་རྣམ་པ་ཀུན་ཏུ་རང་རེའི་ཏང་ནི་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དོན་གཉེར་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན་པའི་དམིགས་ཡུལ་མཚོན་ཐུབ།ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་དུ་རིན་པ་མི་དགོས་པའི་སྦྲུམ་འགོག་སྨན་རིགས་དང་ཡོ་བྱད300དང་སྨན་རྫས4500 ཕྲུ་གུ་མ་སྐྱེས་སྔོན་གྱི་བདེ་ཐང་གི་ཤེས་བྱ། འཆར་ལྡན་བུ་བཙའ་དམངས་ཕན་ལག་དེབ། བོད་སྨན་གྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས། བདེ་ཐང་ཚན་རྩལ་ཁྱབ་གདལ། ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་ཤེས་བྱ་སོགས་དྲིལ་བསྒྲགས་དཔྱད་གཞི་ཡིག་རིགས1000ལྷག་ཙམ་བཀྲམ་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་འཛུགས་དུས་ཆེན་ལ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཏང་མིའི་འོས་འགན་ལས་ཀ་སྒྲུབ་ཉིན་གྱི་བྱེད་སྒོ་སྤེལ་ནས་མི་སེར་ཁྲི་ལྷག་ཙམ་ལ་ཕན་ཐོགས།
  • དོ་སྣང་ཆེ་བའི་རྩོམ།