ད་ལོར་ཁུལ་མི་དམངས་ཁྲིམས་ཁང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

སྐལ་ཐུབ་དང་། ཀུན་དགའ། ཨོ་རྒྱན། ཡེ་ཤེས་བཅས་ཀྱིས།        2021-02-05

 

ད་ལོར་ཁུལ་མི་དམངས་ཁྲིམས་ཁང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཧྥུ་པའོ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ཞུ་བཞིན་པ།

   སྤྱི་ཟླ2པའི་ཚེས3ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོག་མགོ་ཚུགས་པ་རེད། 

   ཚོགས་འདུར་ཞུགས་དགོས་པའི་འཐུས་མི277ཡོད་ཅིང་།ཐེངས་འདིར་འཐུས་མི256ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད། 

   ཚོགས་ཆེན་ཐོག་ཏུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཧྥུ་པའོ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ཞུས་པ་རེད།  

ད་ལོར་ཁུལ་མི་དམངས་ཁྲིམས་ཁང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

2020ལོར་ཐོབ་པའི་གྲུབ་འབྲས་གཙོ་བོ། 

   ལོ་ཧྲིལ་པོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁྱོན་བསྡོམས་ངོ་གྲངས875བདག་སྤྲོད་བྱས་པ་དང་། གྱོད་གཞི་ངོ་གྲངས་8148ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆ12.32དང་བརྒྱ་ཆ་14.28འཕར་ཡོད། 

    རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་15དང་མི་18ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་ཡོད། མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པའི་དྲག་སྤྱོད་ཉེས་བསགས་ཚབས་ཆེན་ཁག་108ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། ཁྲིམས་ལྟར་མི་138ལ་དུས་བཙོན་གྱི་ཉེས་ཆད་བཅད་པ་དང་།“གཉེན་ཉེའི་དགྲ་ཤ་ལེན་པའི་རིགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁག་10འདུམ་སྒྲིག་དང་འདུམ་སེལ་བྱས་ཡོད། ནག་ཚོགས་དང་ངན་གཤེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་24དང་མི་202ཞིབ་གཅོད་བྱས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་452དེད་སྙེགས་བཏང་ཞིང་།“ནོར་ནག་གཙང་སེལ”གྱི་དམིགས་འབེན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད། 

    ཁུལ་ཡོངས་ཀྱི་ཞིང་སྡེའི་ཡིད་རྟོན་ཁང་ལ་ཚུལ་དང་མི་མཐུན་པའི་དངུལ་བུན་སྒོར་དུང་ཕྱུར1.08དེད་སྙེགས་བྱས་ཡོད། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི28ཞིབ་གཅོད་བྱས་པ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་རྩོད་གཞི73ཐག་གཅོད་བྱས་ཡོད།

    2020ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་སྣ་ཚོགས་ཀྱི་ཉེས་དོན་གྱོད་གཞི677བཅའ་ཁྲིམས་ལྟར་བདག་སྤྲོད་བྱས་པ་དང་། གྱོད་གཞི674ཞིབ་གཅོད་བྱེད་མཇུག་སྒྲིལ་བྱས་ནས་ཉེས་ཅན992ལ་ཉེས་ཆད་བཅད་པ་རེད། 

    ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་ཁག་གི་དམངས་དོན་ཚོང་དོན་གྱོད་གཞི4083བདག་སྤྲོད་བྱས་པ་དང་། ན་ལོའི་དུས་མཚུངས་ལས་བརྒྱ་ཆ11.53འཕར་ཡོད་པ་རེད། 

     ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་མི་འདྲ་བའི་སྲིད་འཛིན་གྱོད་གཞི68བདག་སྤྲོད་བྱས་པ་དང་། ན་ལོའི་དུས་མཚུངས་ལས་བརྒྱ་ཆ28.42ཆག་པ་རེད། 

    ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་གྱོད་གཞི2877བདག་སྤྲོད་དང་ལག་བསྟར་བྱས་པ་དང་། གྱོད་གཞི2872ཞིབ་གཅོད་མཇུག་འགྲིལ་བ་དང་། གྱོད་གཞི་ཐག་གཅོད་ཚད་བརྒྱ་ཆ99.83ལ་ཟིན་ཞིང་། ལག་བསྟར་བྱེད་པའི་ལག་དངུལ་སྒོར་དུང་ཕྱུར2.03ལ་ཟིན་པ་དང་། དེའི་ནང་ལག་བསྟར་བྱེད་ཡས་ཀྱི་རྒྱུ་ནོར་ཡོད་པའི་གྱོད་གཞི་ཁྲིམས་འབེབས་དུས་ཚོད་ནང་དངོས་སུ་ལག་བསྟར་ཐག་གཅོད་བྱེད་ཚད་བརྒྱ་ཆ100ལ་ཟིན་པ་དང་། ལག་བསྟར་བྱེད་མཚམས་གནས་སྐབས་འཇོག་པའི་གྱོད་གཞིའི་ཚད་ལོན་ཚད་བརྒྱ་ཆ100ལ་ཟིན་ཡོད། 

   ལོ་ཧྲིལ་པོར་“རྩྭ་རི་སྨན་རི་གཏེར་རི་བཅས་རི་བོ་གསུམ་གྱི་དང་མཐའ་མཚམས་གཅིག”དང་། ཆུ་གློག་གསར་སྤེལ་གནས་སྤོ། ས་ཞིང་བཅོས་སྒྲིག་སོགས་ཀྱི་འགལ་བ་དང་རྩོད་གཞི1700ལྷག་ཙམ་འདུམ་འགྲིག་བྱས་ཡོད། 

   ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་གཅོད་ཡིག་རིགས་དྲྭ་ཞུགས་བྱེད་ཚད་བརྒྱ་ཆ100ལ་ཟིན་ཡོད། 

   ཁུལ་ཡོངས་ཀྱི་ཞིང་པ་གླ་མིར་གླ་ཆ་འགྱངས་ཆད་བྱས་པའི་སྒོར་ཁྲི670ལྷག་ཙམ་དེད་སྙེགས་བྱེད་རོགས་བྱས་ཡོད། ཁྲིམས་འཛིན་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་སྒོར་ཁྲི31གཏོང་སྤྲད་བྱས་ཡོད། གཏུག་བཤེར་འགྲོ་གྲོན་དུས་འགྱངས་ཆག་ཡང་དང་རྩ་ཆག་གཏང་རྒྱུའི་གྱོད་གཞི2651ཡོད་ཅིང་ཁྱོན་སྒོར་ཁྲི2430.97ལ་ཟིན་ཡོད། 

2020ལོར་ཁུལ་ཡོངས་ཀྱི་ཁྱོན་བསྡོམས་ཁྲིམས་ཁང53གྱི་ཐུན་མོང་དང་མི་སྒེར63ལ་ཁུལ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་ཡོད་པ་རེད།  

ད་ལོར་ཁུལ་མི་དམངས་ཁྲིམས་ཁང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།

2021ལོའི་ལས་དོན་བཀོད་སྒྲིག  

   2021ལོར་རྒྱུད་རིམ་ལྡན་པའི་འདུ་ཤེས་དང་ཁྲིམས་སྐྱོང་གི་བསམ་གཞིགས། རྨང་བརྟན་གྱི་ཁྲིད་ཕྱོགས་བཅས་ལ་སྔར་བས་དོ་སྣང་བྱེད་པ་དང་། “རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ” འཛུགས་རྒྱུར་གཙོ་གནད་དུ་བཟུང་ནས། “དངོས་གནས་ཅན་་དྲུག”གཏིང་ཟབ་ཏུ་གཏང་རྒྱུ་གཙོ་རྐང་དུ་བྱེད་པ་དང་འཇོན་ནུས་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱེད་པ། སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དག་ཐེར་བྱ་རྒྱུར་ཤུགས་རྒྱག་སར་བྱས་ནས།  འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ།  ཁུལ་ཡོངས་ཀྱི་དམངས་འཚོ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ་དང་།  མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་དྲང་བདེན་དྲང་གཞག་ཚོར་དུ་འཇུག་གང་ཐུབ་བྱ་དགོས། གཤམ་གསལ་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ། 

    གཅིག་ནི་ཏང་གི་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དེ་ཤུགས་རྒྱག་སར་བྱས་ཏེ་ཁྲིམས་ཁང་གི་ལས་དོན་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པའི་ཐོག་ནས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱ་དགོས། 

   གཉིས་ནི་ཆབ་སྲིད་ཀྱི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བྱས་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། 

   གསུམ་ནི་འདྲི་གཅོད་ལག་བསྟར་ལས་དོན་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་དཀར་མཛེས་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏང་དགོས། 

   བཞི་ནི་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དེ་ཤུགས་རྒྱག་སར་བྱས་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་ཐོབ་སྣང་སྔར་ལས་མང་བ་ཡོང་བར་བྱ་དགོས། 

   ལྔ་ནི་སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དག་ཐེར་ཁྱོན་ཡོངས་ནས་སྤེལ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཡིད་རྟོན་བྱེད་རུང་བ་དང་བློས་འཁེལ་ཐུབ་པ། བློ་བདེ་བ་བཅས་ཀྱི་ཁྲིམས་ཁང་གི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས།

 

  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དམིགས་འབེན་དང་ལས་འགན།
  • ལེ་ཚན་རྗེས་མ།:ད་ལོར་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།