ངེད་གསར་འགོད་པས་བྲིས། 2021-02-05
ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་འགན་ཁུར་བ་མཁས་གྲུབ་ནོར་བུར་བཅར་འདྲི་ཞུ།
མཁས་གྲུབ་ནོར་བུས་བཅར་འདྲི་བྱེད་བཞིན་པ།
ཡིག་ཚགས།
མཁས་གྲུབ་ནོར་བུ། ད་ལྟ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་འགན་འཁུར་བའི་འགན་འཁུར་བཞིན་ཡོད་པ་རེད། 2017ལོར་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་། རིག་གནས་རྒྱུན་སྤེལ་བྱེད་མཁན་དང་གསར་འགྱུར་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ཁོས་ཀུན་སློང་བཅངས་ཞིང་བྱམས་སྐྱོང་བྱས་ཏེ་མང་ཚོགས་ལ་སྙིང་གཏམ་བརྗོད་ནས་དྲང་བདེན་གྱི་ནུས་པ་ཁྱབ་སྤེལ་བྱས་པ་རེད།སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས་ཁོས་སྤྱི་ཚོགས་ཀྱི་དམངས་འཚོ་ལ་དོ་ཁུར་བྱས་ནས་ཐབས་འདོན་ཇུས་འདོན་བྱས་ཏེ་གྲོས་འཆར་བྲིས་ཤིང་མི་དམངས་ལ་འགན་འཁྲི་སྒྲུབ་འགན་འཁུར་བ་རེད།
གཏམ་རྒྱུད།
2017ལོར་ང་རང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་ཡོད། གསར་འགྱུར་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ཀུན་སློང་བཅངས་ཞིང་བྱམས་སྐྱོང་བྱས་ཏེ་མང་ཚོགས་ལ་སྙིང་གཏམ་བརྗོད་ནས་དྲང་བདེན་གྱི་ནུས་པ་ཁྱབ་སྤེལ་བྱས་པ་ཡིན།སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་དམངས་འཚོ་ལ་དོ་ཁུར་བྱས་ནས་ཐབས་འདོན་ཇུས་འདོན་བྱས་ཏེ་གྲོས་འཆར་བྲིས་ཤིང་མི་དམངས་ལ་འགན་འཁྲི་སྒྲུབ་གང་ཐུབ་བྱས་པ་ནི་དུས་གཏན་དུ་རང་གི་སེམས་སུ་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་དུ་རྩི་བཞིན་ཡོད་ཅེས་མཁས་གྲུབ་ནོར་བུས་གསར་འགོད་པར་དེ་ལྟར་བཤད་པ་རེད།
མིག་སྔར་ཁོས་དཀར་མཛེས་ཉིན་རེའི་ཚགས་པར་ཁང་ཁམས་པ་འཕྲིན་སྦྱོར་ཀྱི་བོད་ཡིག་དྲ་བ་དང་བོད་ཡིན་འཕྲིན་ཕྲན།མགྲོན་སྣེAPPབཅས་ཀྱི་རྩོམ་ཡིག་སྒྲིག་འཛུགས་དང་ཞུ་དག མ་ཡིག་གཏན་འཁེལ།འགྱུར་བཅོས་སོགས་ཀྱི་ལས་དོན་དང《ཁམས་པའི་འཛུམ་རིས》དུས་དེབ་ཀྱི་རྩོམ་སྒྱུར་ལས་དོན་སྒྲུབ་འགན་གཙོ་བོ་ཁུར་བ་ཕུད། ཁོས་ད་དུང་མ་སྐུལ་དང་བླངས་ཀྱིས་བོད་ཡིག་གསར་འགྱུར་གྱི་ཡིག་སྒྱུར་ལས་དོན་སྒྲུབ་འགན་ཁུར་དང་འཁུར་བཞིན་ཡོད་པ་རེད།ཡིག་སྒྱུར་ལས་དོན་སྒྲུབ་འགན་ཁུར་བའི་དུས་མཚུངས་སུ།ཁོས་ཐོག་མཐའ་བར་གསུམ་དུ་གསར་འགྱུར་ལས་སྒྲུབ་པའི་བརྗིད་ཉམས་ལས་འགན་སེམས་ལ་བརྟན་པོ་བཅངས་ནས་སྤྱི་ཚོགས་སུ་ཉེ་བཅར་བྱས་ནས་ཞིང་འབྲོག་མི་སེར་གྱི་འདོད་བློ་མཚོན་པའི་གསར་འགྱུར་བརྩམས་ཆོས་འབོར་ཆེན་བྲིས་ནས་ཚགས་པར་དང་དུས་དེབ་ཏུ་སྤེལ་མྱོང་བ་རེད།
མཁས་གྲུབ་ནོར་བུ་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སེམས་སུ་བཅངས་ནས་དུས་རྒྱུན་སྤྱི་ཚོགས་ཀྱི་དམངས་འཚོ་ལ་སེམས་ཁུར་བྱས་ཤིང་། མི་དམངས་ཀྱི་འདོད་བློ་ཇི་མ་ཇི་བཞིན་ཡར་ཞུ་བྱ་ཆེད།ཁོས་ངལ་བ་ཁྱད་བསད་བྱས་ཏེ་འཕྲད་འདྲི་འབོར་ཆེན་བྱས་ནས་གྲོས་འགོ་གྲུབ་རྗེས། འགན་ནུས་སྡེ་ཁག་དང་འབྲེལ་བ་བྱས་ནས་དོ་ཁུར་བྱེད་དུ་བཅུག་པ་རེད།ཁོས་སྔོན་རྗེས་སུ《དར་མདོ་གྲོང་ཁྱེར་གྱི་སྲིད་གཞུང་ཡོད་སའི་གྲོང་ཁུལ་གྱི་སློབ་ཆུང་ནང་བོད་ཡིག་སློབ་ཚན་གཉེར་རྒྱུའི་སྐོར་གྱི་གྲོས་འཆར》《བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བྱ་རྒྱུའི་སྐོར་གྱི་གྲོས་འཆར》བཅས་བཏོན་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཡག་པོ་ཆགས་པ་རེད།
ཁུལ་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་རིགས་སྣ་ཚོགས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱེད་སྒོའི་ནང་ཞུགས་མཐར། ངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་དམངས་གཙོའི་ལས་སྟེགས་བཀོལ་སྤྱོད་བྱས་ནས་ཏང་ཨུ་དང་སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་བྱེད་པར་དེ་བས་ཚན་རིག་དང་མཐུན་པའི་དཔྱད་གཞི་ཁུངས་ལུང་འདོན་སྤྲོད་བྱེད་ཆོག་ལ། འབྲེལ་བ་མཐུན་སྦྱོར་དང་སྤྱི་ཡོངས་ལ་ཞབས་ཕྱི་བསྒྲུབས་པའི་ནང་ཡོད་དགོས་པའི་ནུས་པ་འདོན་སྤེལ་བྱེད་ཆོག་པར་ངོས་འཛིན་དེ་བས་གསལ་པོ་ཐོབ་བྱུང་ཞེས་མཁས་གྲུབ་ནོར་བུས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།
ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཁས་གྲུབ་ནོར་བུས་བོད་རྒྱ་སྐད་རིགས་གཉིས་ཀྱི་སློབ་གསོ་ལ་མཐོང་ཆེན་བྱས་ནས་རྒྱ་བོད་ཡིག་སྒྱུར་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཐད་མུ་མཐུད་ནས་རེ་འབོད་བྱ་རྒྱུ་ཡིན་པ་རེད། ཁོས་འཕེལ་རྒྱས་གསར་པའི་དུས་རིམ་དུ་འཕྲིན་སྦྱོར་མཉམ་འདྲེས་བྱེད་ཚད་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་རེད།ཅི་འདྲ་བྱས་ནས་ཏང་གི་གསུང་སྒྲ་དང་སྲིད་གཞུང་གིས་དམངས་དོན་དུ་བླངས་པའི་བྱེད་ཐབས།ཁྲིམས་ལུགས་དང་ཁྲིམས་སྲོལ་དྲིལ་བསྒྲགས། ཁམས་པའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། ཡ་རབས་ཚུལ་ལྡན་གྱི་གོམས་སྲོལ་ཡག་པོ་གསོ་སྐྱོང་བྱེད་པ་སོགས་སྲོལ་རྒྱུན་དང་གསར་དར་འཕྲིན་སྦྱོར་གྱི་ཁྱབ་སྤེལ་ཐབས་ལམ་བརྒྱུད་ནས་ཞིང་འབྲོག་མང་ཚོགས་ཀྱིས་ལྟ་དགའ་ཉན་སྤྲོ་ཡོད་པའི་ཁྱབ་སྤེལ་བྱེད་སྟངས་ལ་བརྟེན་ནས་ཁྱབ་སྤེལ་བྱ་དགོས། འདི་ནི་འཕྲིན་སྦྱོར་སོ་སོ་དང་ཁྱད་པར་དུ་བོད་ཡིག་འཕྲིན་སྦྱོར་གྱིས་དེ་འཕྲལ་བསྒྲུབ་དགོས་རྒྱུའི་དོན་དག་ཅིག་རེད། དོན་དག་འདི་ཡག་པོ་བསྒྲུབ་དགོས་ན་འགག་རྩའི་རྒྱུ་རྐྱེན་ནི་རྒྱ་བོད་སྐད་ཡིག་གཉིས་ལ་བྱང་ཆུབ་པ། སྲོལ་རྒྱུན་དང་གསར་དར་འཕྲིན་སྦྱོར་ཤེས་པ། འཕྲིན་སྦྱོར་ལག་རྩལ་མཁས་པ། འཕྲིན་སྦྱོར་འཕེལ་རྒྱས་གསར་པའི་གནས་བབ་ལ་འཚམ་པའི་འཕྲིན་སྦྱོར་ཀུན་བྱང་གི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱ་དགོས་ཞེས་བཤད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10