དཀར་མཛེས་ཁུལ་གྱིས་ཏང་བཙུགས་ནས་ལོ་འཁོར94སོང་བར་དྲན་གསོ་ཞུ་བའི་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ།

བདེ་སྐྱིད་ཀྱིས།        2015-07-02

དཀར་མཛེས་ཁུལ་གྱིས་ཏང་བཙུགས་ནས་ལོ་འཁོར94སོང་བར་དྲན་གསོ་ཞུ་བའི་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ།

ཟླ་བ6པའི་ཚེས30ཉིན་གྱི་མཚན་མོར་དཀར་མཛེས་ཁུལ་ཐད་གཏོགས་ལས་ཁུངས་དང་ཁུལ་མི་རིགས་ལས་བྱེད་སློབ་གྲྭས་མཉམ་དུ་གཙོ་གཉེར་བྱེད་པའི་ཁུལ་རིམ་པའི་སྡེ་ཁག་གིས་ཏང་བཙུགས་ནས་ལོ་ངོ94འཁོར་བ་དང་རི་འགོག་དམག་འཁྲུག་ལས་རྒྱལ་ཁ་ཐོབ་སྟེ་ལོ་ངོ70འཁོར་བ། དཀར་མཛེས་ཁུལ་དུ་དམར་དམག་རྒྱང་སྐྱོད་བྱས་ནས་ལོ80འཁོར་བ་བཅས་ལ་དྲན་གསོ་ཞུ་བའི་དགའ་སྟོན་རྟེན་འབྲེལ་གྱི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དེ་དར་མདོ་གྱི་ཟློས་གར་ཁང་ལ་གཟབ་རྒྱས་ཀྱི་སྒོ་ནས་འཁྲབ་པ་རེད།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་ཁུལ་རྒན་རྒོན་སློབ་ཆེན། ཁུལ་མི་དམངས་སྨན་ཁང་གི་སྒྱུ་རྩལ་ཚོགས་པ། ཁུལ་མི་རིགས་གླུ་གར་ཚོགས་པ། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ དར་མདོ་གྲོང་ཁྱེར་གྱི་ཧུའེ་མིང་སློབ་ཆུང་བཅས་འཁྲབ་སྟོན་དུ་ཞུགས་པའི་སྡེ་ཁག་གིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་པ་དང་། ཕྱོགས་ཡོངས་ནས་ས་ཁོངས་ཡོངས་སུ་ལྗོངས་རྒྱུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་སྙན་པའི་གླུ་དབྱངས་ལེན་པ་དང་དགའ་བའི་ཞབས་བྲོ་འཁྲབ་སྟེ། ལྟད་མོ་ལྟ་མཁན་མང་ཚོགས་ཀྱི་ཡིད་དབང་འཕྲོག་པས་དགའ་བསུ་ཆེན་པོ་ཐོབ་པ་རེད།
ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་དར་མདོ་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལྟད་མོ་ལྟ་སར་ཞུགས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཆུ་བེད་པུའུ་ཡི་པུའུ་ཀྲང་ཁྲེང་ལེ་ཡིས་རང་ཁུལ་དུ་འཐུང་ཆུ་གཙང་མའི་གནད་དོན་ལ་སྐུལ་ཁྲིད་དང་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:བྱམས་བློས་ཉག་ཆུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་མི་སེར་ཚོའི་ཡོང་འབབ་འཕར་སྣོན་གཏང་དགོས་ཞེས་གསུངས།
  • དོ་སྣང་ཆེ་བའི་རྩོམ།