རྡུང་རྡེག་གི་མཉམ་ཤུགས་ཆགས་པར་བྱས་ཏེ། གྱོད་གཞིར་བརྟེན་ནས་འགོག་སྲུང་ལ་སྐུལ་འདེད་བཏང་།

ཀུན་དགས་བསྒྱུར།        2021-01-27

ཁུལ་སྤྱི་བདེ་ཅུས་ཀྱིས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱོད་གཞི་མྱུལ་ཞིབ་རྩད་གཅོད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས།

       ཉེ་ཆར།ཁུལ་སྤྱི་བདེ་ཅུས་ཀྱིས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྐོར་གྱི་གྱོད་གཞི་རྩད་གཅོད་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཚོགས་འདུའི་ཐོག《ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱོད་གཞི་མྱུལ་ཞིབ་རྩད་གཅོད་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》སྒྲོག་སྦྱངས་བྱས་ནས་སློབ་སྟོན་བསམ་བློ་དང་ལས་ཀའི་གཙོ་གནད། བྱ་སྤྱོད་ཀྱི་དུས་རིམ། རྩ་འཛུགས་ཀྱི་མགོ་ཁྲིད། འགན་འཁྲི་བགོ་བཤའ། ལས་ཀའི་བླང་བྱ་སོགས་ཕྱོགས་དྲུག་གི་ཐད་ནས་ཆེད་དོན་བྱ་སྤྱོད་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཁུལ་དང་རྫོང་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་། ལས་བགོས་ཅུས་ཀྱི་མགོ་ཁྲིད། འབྲེལ་ཡོད་ཉེན་རྟོག་རིགས་ཀྱི་འགན་འཁུར་བ། དེ་བཞིན་གཉེར་སྒྲུབ་མི་སྣ་གཙོ་བོ། ནགས་ཚལ་ཉེན་རྟོག་སྡེ་ཚན། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བཅས་ཚོགས་འདུར་ཞུགས་ཡོད།

     ལི་ཆང་གིས་དཔལ་ཡུལ་དང་དར་མདོ། འདབ་པ། ཉག་ཆུ་བཅས་རྫོང(གྲོང་ཁྱེར)བཞིའི་སྤྱི་བདེ་ལས་ཁུངས་ཀྱིས་དུས་མགོའི་མེ་སྐྱོན་རྩད་ཞིབ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱོད་གཞི་ཁག5མྱུལ་ཞིབ་བྱེད་རིང་དཀར་མཛེས་ཁུལ་སྤྱི་བདེས་ཐབས་ཤེས་ཟུང་ལྡན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱས་ཏེ་རྐང་འཛིན་སྟོབས་ཤུགས་གང་ལེགས་མངོན་ཡོད། ཆེད་དོན་བྱ་སྤྱོད་སྤེལ་ཉེར་ཡོད་པར་ལི་ཆང་གིས་གནས་བབ་གསལ་རྟོགས་དང་ཆབ་སྲིད་ཀྱི་ཚུགས་གནས་སྤར་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལས་བྱུང་བའི་གནོད་འཚེའི་རང་བཞིན་ཚབས་ཆེན་དང་ནགས་ཚལ་དང་རྩྭ་ཐང་གི་གྱོད་གཞི་མྱུལ་ཞིབ་རྩད་གཅོད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ལག་བསྟར་ཏན་ཏིག་བྱས་ནས། དཀར་མཛེས་ཁུལ་དུས་བདེ་ཡོང་བར་འགན་ལེན་དང་དཀར་མཛེས་ཁུལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས། མཉམ་ལས་ལ་ཤུགས་བརྒྱབ་ནས་རྡུང་རྡེག་གི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་ནང་ཁུལ་དུ་ཉེན་རྟོག་རིགས་མང་པོས་མཉམ་ལས་ཡག་པོ་བྱེད་ཅིང་ཉེན་རྟོག་རིགས་ཁག་གི་ཆེད་ལས་བཟང་ཆ་འདོན་སྤེལ་བྱ་རྒྱུ་དང་། ཕྱི་ཕྱོགས་སུ་འཚུབ་བསྟུན་དོ་དམ་དང་། ནགས་ལས་དང་རྩྭ་ཐང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སོགས་སྡེ་ཁག་མང་པོ་དང་མཐུན་སྦྱོར་བྱེད་ཅིང་སྡེ་ཚན་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྤྱི་ཡོངས་ཀྱི་དམག་འཐབ་དང་མཉམ་སྡེབ་དམག་འཐབ་ཡག་པོ་བརྒྱག་དགོས། ཁྲིམས་འཛིན་ནན་པོར་བྱེད་པ་དང་མྱུལ་ཞིབ་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དཔང་རྟགས་ཀྱི་འབྲེལ་ཐག་ཚད་ལྡན་གྱི་ཁྲིད་སྟོན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྱོད་གཞི་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱ་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་། གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཉེ་རིང་ཕྱོགས་ལྷུང་མེད་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ། རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ།སེམས་ཐག་གཙང་བཅད་ཀྱིས་བཅོས་སྐྱོང་བཅས་བྱེད་པ“བཅས་ཀྱི་སྙིང་སྟོབས་དོན་འཁྱོལ་ཡག་པོ་བྱེད་ཅིང་། གྱོད་དོན་ལ་བརྟེན་ནས་འགོག་སྲུང་བྱེད་པར་སྐུལ་འདེད་གཏོང་བ་དང་གྱོད་གཞི་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ་ཕན་ཡོད་ཉམས་མྱོང་དང་བཀྲག་མདངས་འཚེར་ས་དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ནས་ལམ་སྲོལ་དང་ལམ་ལུགས་སུ་བསྒྱུར་དགོས་ཞེས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་གྱིས་མེ་གསོད་གྲབས་སྦྱོང་བྱས་ཏེ་གནོད་སྐྱོན་མ་འོངས་སྔོན་འགོག་བྱས།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་རི་ཆུ་དང་ནགས་ཞིང་རྩྭ་ཐང་བཅས་རྒྱུད་རིམ་ལྡན་པས་བཅོས་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།