ཉེ་ཆར། འབའ་ཐང་རྫོང་གིས་ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོ་དང་འབྲེལ་ནས། འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་དང་མང་ཚོགས་ལས་ཀར་དམ་འཛིན་བྱས་ཏེ། རིགས་བཞི་ལ་དམིགས་ནས་འཕེལ་རྒྱས་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་བ་རེད།
རིགས་བཞི་ལས་གཅིག་ནི་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་ལ་དམིགས་བ་དང་། གཉིས་ནི་ཏང་འཛུགས་ལས་ཀར་སྐུལ་འདེད་ཆེ་རུ་གཏང་རྒྱུར་དམིགས་བ། གསུམ་ནི་དཔུང་སྡེའི་འཛུགས་སྐྱོང་གི་རྨང་གཞི་བརྟན་པོར་གཏོང་བར་དམིགས་པ། བཞི་ནི་སྤྱོད་གཙང་དར་སྤེལ་གཏང་རྒྱུའི་འབྱུང་ཁུངས་ལ་གཙང་བཤེར་བྱས་པ་བཅས་རེད།།