དཀར་མཛེས་ཁུལ་གྱི་ལྗོངས་ཁུལ5ཡི་སྤུས་རིམ་སྤར་རྩིས་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2021-01-21

      དཀར་མཛེས་ཁུལ་རིག་དངོས་ཡུལ་སྐོར་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་སྤེལ་བའི《ཡུལ་སྐོར་ལྗོངས་ཁུལ21རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ལས། དཀར་མཛེས་ཁུལ་རྟའུ་རྫོང་ཡར་ལྷ་གངས་རིའི་ལྗོངས་ཁུལ་དང་། གསེར་རྟ་རྫོང་ཝ་ཤུལ་ཚོ་པའི་རིག་གནས་ཡུལ་སྐོར་ལྗོངས་ཁུལ། ལི་ཐང་རྫོང་གཙང་ལྷ་མེ་ཏོག་ལྗོངས་ཁུལ། འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ། འདབ་པ་རྫོང་ཟངས་སྟོད་རོང་སྟོད་འདམ་རའི་ལྗོངས་ཁུལ་བཅས་ལྗོངས་ཁུལ5མིང་ཐོའི་ནང་ཚུད་པ་དང་། སི་ཁྲོན་གྱི་གྲོང་ཁྱེར(ཁུལ)ཁག་གི་ནང་མིང་ཐོར་ཚུད་གྲངས་ཨང་དང་པོར་སླེབས་ཤིང་། དཀར་མཛེས་ཁུལ་གྱི་ཐེངས་གཅིག་ལ་རིམ་སྤར་བྱ་རྩིས་ཡོད་པའི་ལྗོངས་ཁུལ་མང་ཤོས་ཀྱི་ཟིན་ཐོ་བཀོད་ཡོད།

     མིག་སྔའི་བར། དཀར་མཛེས་ཁུལ་ལAརིམ་པའི་ལྗོངས་ཁུལ81ཡོད་པ་དེ་སི་ཁྲོན་ཞིང་ཆེན་གྱི་ཨང་གཉིས་པར་སླེབས་པ་དང་། 2016ལོའི་དཀར་མཛེས་ཁུལ་གྱིAརིམ་པའི་ལྗོངས་ཁུལ་བསྡོམས་འབོར་གྱི་ལྡབ13.5ཡིན་པ་རེད། 2020ལོའི་ཟླ་12པའི་ཟླ་མཇུག་ཏུ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་དཀར་མཛེས་ཁུལ་འདབ་པའི་ཉི་སྟེང་ཡུལ་སྐོར་ལྗོངས་ཁུལ་རྒྱལ་ཁབ་ཀྱིAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། གལ་ཏེ་ཐེངས་འདིར་ལྗོངས་ཁུལ5ཚང་མ་དངོས་སུ་རིམ་པ་སྤར་སོང་ན། དཀར་མཛེས་ཁུལ་ལAལྔ་རིམ་པའི་ལྗོངས་ཁུལ2དང་། Aབཞི་རིམ་པའི་ལྗོངས་ཁུལ20 Aགསུམ་རིམ་པའི་ལྗོངས་ཁུལ59བཅས་ཡོད་པ་རེད།

       དཀར་མཛེས་ཁུལ་གྱི་རིག་གནས་རླུང་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས། ཉེ་བའི་ལོ་འགའི་ནང་། དཀར་མཛེས་ཁུལ་གྱིས་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི“འདུ་ཤེས་ཆེན་པོ་བཞི”དང“གལ་ཆེན་ལྔ་མཉམ་འཛིན་གྱིས་གོང་འཕེལ་གཏོང་བའི”བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཕྱོགས་གཅིག་ནས་སྤུས་རྟགས་ལེགས་སུ་གཏང་རྒྱུ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་གངས་ལྗོངས་གངས་དཀར་རི་བོ་བསྐོར་བའི་ཡུལ་སྐོར་ཁུལ་དང་། དྭངས་གཙང་ཉི་སྟེན་ཡུལ་སྐོར་ཁུལ། དགེ་བསྙེན་གནས་རིའི་ཡུལ་སྐོར་ཁུལ། གླིང་སྒྲུང་རིག་གནས་ཡུལ་སྐོར་ཁུལ། ཀྲུང་གོའི་ཆེས་མཛེས་པའི་ས་མཐོའི་འདམ་ར། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་འདམ་ར་བཅས“ཁུལ་གསུམ་དང་འདམ་ར་གཉིས”ཀྱི་འཕེལ་རྒྱས་བཀོད་པ་རགས་ཙམ་བཏོད་ཡོད། 2021ལོར་དཀར་མཛེས་ཁུལ་གྱིས“སྤུས་རྟགས་གཏོད་རྒྱུར་དམ་འཛིན་བྱས་ནས་ཞན་ཆ་ཧུར་ཐག་གསབ་པ”དང་། “ལས་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ”“དྲིལ་བསྒྲགས་དང་བྲིན་ཚོང་ལ་ཤུགས་བརྒྱབ་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ”བཅས་ཕྱོགས་གསུམ་ལ་གཙོ་གནད་ཐོག་ཤུགས་བརྒྱབ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་ཞེས་བཤད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མ་དངུལ་སྒོར་ཁྲི25899བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་དགུན་ཡག་པོ་བརྒལ་ཐུབ་པ་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་སུ་འདི་འདྲ་བསྟན་འདུག
  • དོ་སྣང་ཆེ་བའི་རྩོམ།