རོང་བྲག་རྫོང་གིས་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་ལམ་ཐོགས་འགག་མེད་པར་ཁག་ཐེག་བྱས།

དབྱངས་ཅན་གྱིས་བསྒྱུར།        2021-01-13

      དགུན་གྲང་ངར་ཆེ་བའི་དུས་ཚིགས་སུ་མང་ཚོགས་འགྲོ་འོང་ཉེན་མེད་ཡོང་བར་ཁག་ཐེག་བྱ་ཆེད། རོང་བྲག་རྫོང་གིས་དྲིལ་བསྒྲགས་སློབ་གསོ་དང་། འབྱུང་རྩ་ནས་བཅོས་སྐྱོང་། མཁོ་བསྟུན་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་བཏང་བར་བརྒྱུད། ད་དགུན་སང་དཔྱིད་ཀྱི་གཞུང་ལམ་ཉེན་མེད་ཐོན་སྐྱེད་ཀྱི་ལས་ཀ་དངོས་སུ་ཡག་པོ་བསྒྲུབས་པ་རེད།

       རྫོང་དེས་དྲིལ་བསྒྲགས་ཀྱི་ཐར་ལམ་རྒྱ་སྐྱེད་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཡོང་བའི་གྲུབ་མིའི་སྡེ་ཚན་སོ་སོའི་ནུས་ཤུགས་སྐུལ་སློང་བྱས་ཏེ། ཁྲོམ་ལམ་དང་ལམ་ཁར་ཕྱིན་ནས་འགྲིམ་འགྲུལ་ཉེན་མེད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཤིང་། འཕྲིན་ཕྲན་སྤྱི་སྟེགས་དང་འཁྱུག་དབྱིངས་སོགས་ཀྱི་འཕྲིན་སྦྱོར་གསར་པ་བརྒྱུད་ནས་དགུན་དུས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཡོང་བའི་དཔྱད་ཡིག8བཀྲམས་པ་དང་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་ཁྲི10ལྷག་བསྐུར་བ་རེད།

     དུས་མཚུངས་སུ་དུས་ཡུན་ཟླ་བ3རིང་གི་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཡོང་བའི་ཆེད་དོན་བཅོས་སྐྱོང་བྱེད་སྒོ་སྤེལ་ཞིང་། འཁྱགས་འདྲེད་སླ་བའི་ལམ་མཚམས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལམ་ངོས་དོ་དམ་ཚོད་འཛིན་གྱི་གཅིག་གྱུར་བྱ་སྤྱོད་ཐེངས2སྤེལ་ཞིང་། རིགས་སྣ་ཚོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད300ལྷག་ལ་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་ཁག10གཙང་བཤེར་དང་། ཉེན་ཟོན་བརྡ་རྟགས10ལྷག་བཙུགས་པ་རེད།

      རྫོང་དེས་ད་དུང་རིགས་སྣ་ཚོགས་ཀྱི་འགྲིམ་འགྲུལ་ཉེན་མེད་ཡོང་བའི་འཚུབ་བསྟུན་སྔོན་བཀོད་ཀྱི་ཇུས་གཞི་གཏན་འབེབས་བྱས་ནས། རྫོང་ཡོངས་ཀྱི་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་སའི་ཐར་ལམ་ཚན་རིག་དང་མཐུན་པའི་སྒོས་གཞུང་ལམ་ཉམས་གསོ་བྱེད་མཁན་བཟོ་པ་དང་ཉེན་རྟོག་པའི་མི་ལག་སྙོམས་སྒྲིག་བྱས་ཤིང་། གཞུང་ལམ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག འཚུབ་བསྟུན་ཉེན་ཁ་མྱུར་སེལ་གྱི་རླངས་འཁོར12བཀོད་སྒྲིག་བྱ་རྒྱུ་དང་ཁ་བ་ཞུ་བྱེད་ཀྱི་ཚྭ་དང་། འདྲེད་འགོག་བྱེད་ཡས་སོགས་དངོས་ཟོག་འདང་ངེས་གྲ་སྒྲིག་བྱས་ནས་གཞུང་ལམ་ཉེན་མེད་ཡོང་བར་ཁག་ཐེག་བྱས་པ་རེད།།

  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་གིས་ནུས་རྩལ་གསོ་སྦྱོང་ལ་ཤུགས་བརྒྱབ་སྟེ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཏོག་གསར་གྱི་རིམས་འགོག་སྨན་ཁབ་ཁྲི900ལྷག་ཙམ་བརྒྱབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།