དཀར་མཛེས་རྫོང་གིས་དགེ་རྒན་བཟང་པོར་སྒོར་ཁྲི83ཡི་བྱ་དགའ་སྤྲད།

ཡེ་ཤེས་ཕན་བདེས་བྲིས་ཤིང་པར་བླངས།        2021-01-12

དཀར་མཛེས་རྫོང་གིས་དགེ་རྒན་བཟང་པོར་སྒོར་ཁྲི83ཡི་བྱ་དགའ་སྤྲད།

   ཉེ་ཆར། དཀར་མཛེས་རྫོང་གིས2020ལོའི་དགེ་རྒན་ཚོགས་ཆེན་དང་སློབ་ཁྲིད་སྤུས་ཚད་མཐོར་གཏོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དེ་དཀར་མཛེས་རྫོང་མང་ཚོགས་རིག་གནས་ལྟེ་གནས་ཐོག་ཁང་དུ་འཚོགས་པ་རེད།

དཀར་མཛེས་རྫོང་གིས་དགེ་རྒན་བཟང་པོར་སྒོར་ཁྲི83ཡི་བྱ་དགའ་སྤྲད།

    ཚོགས་འདུའི་ཐོག་ཏུ2019ལོར་ནས2020ལོར་བར་སློབ་ཁྲིད་སྤུས་ཚད་དཔྱད་ཞིབ་སྔོན་ཐོན་དགེ་རྒན་སོགས་ལ་གཟེངས་བསྟོད་བྱས་ཤིང་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་རྒན་པདྨ་མཁའ་འགྲོས་རྫོང་ཡོངས་ཀྱི་དགེ་རྒན་ཚོའི་ཚབ་བྱས་ནས་ཚོགས་འདུའི་ཐོག་ཏུ་སྙན་ཞུ་བྱས།

དཀར་མཛེས་རྫོང་གིས་དགེ་རྒན་བཟང་པོར་སྒོར་ཁྲི83ཡི་བྱ་དགའ་སྤྲད།

    ཚོགས་འདུའི་ཐོག་ཏུ་རྫོང་ཡོངས་ཀྱི་སློབ་གསོ་ལས་དོན་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག མ་འོངས་པའི་སློབ་གསོ་ལས་དོན་ཐད་ལ་དགེ་སློབ་ཡོངས་ཀྱིས་མུ་མཐུད་དེ་དཀའ་སྤྱད་འབད་བརྩོན་བྱས་ནས་ད་རུང་དཀར་མཛེས་རྫོང་གི་སློབ་གསོའི་བྱ་བཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རེ་བ་བཏོན་པ་རེད།

     ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་གི་དགེ་རྒན་བཅས་དགེ་རྒན365ལ་རིམ་པ་མི་འདྲ་བའི་བྱ་དགའ་སྤྲད་པ་དང་། བྱ་དགའི་གྲོན་དངུལ་ཁྱོན་བསྡོམས་སྒོར་ཁྲི83ལྷག་བཏང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:2035ལོའི་དཀར་མཛེས་ཁུལ་འདི་འདྲ་ཞིག་ཡིན་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལུའོ་ཝུན་གྱིས་རང་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།
  • དོ་སྣང་ཆེ་བའི་རྩོམ།