ཡེ་ཤེས་ཟླ་བས་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་དུ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀར་བརྟག་ཞིབ་གནང་།  

བདེ་སྐྱིད་ཀྱིས་བསྒྱུར།        2015-07-06

མིག་སྔར་ནི་ཟླ་བ11པའི་ཚེས22ཉིན་དར་མདོར་ས་འགུལ་བྱུང་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་གནད་འགག་གི་དུས་སྐབས་དང་ཁེལ་བ་རེད། ཟླ་བ6པའི་ཚེས29ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་ལས་སྒྲུབ་ཚོ་ཆུང་གི་སྣེ་ཁྲིད་གནང་སྟེ་དར་མདོའི་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་རྡོ་ར་དཀར་མོ་གྲོང་སྡེ་དང་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་གྲོང་འགོ་གྲོང་སྡེ་སོགས་ཀྱི་བཀོད་སྒྲིག་ས་ཚིགས་སུ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
ཁོང་གིས་ནན་གསུང་གནང་དོན། བསྐྱར་འཛུགས་ལས་ཀ་སྒྲུབ་དུས་བཀོད་སྒྲིག་ས་ཚིགས་དང་ཡུལ་སྐོར་གྱི་འཕེལ་རྒྱས། ཞིང་སྡེ་གསར་པའི་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་དམ་ཟབ་བྱ་དགོས་པ་དང་། མིག་རྒྱང་རིང་པོར་བསྲིངས་ཏེ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་བསམ་གཞིགས་ལ་བརྟེན་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏང་དགོས། བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཡེ་ཤེས་ཟླ་བ་དང་བཅས་པས་རྟའུ་རྫོང་ཁུག་ཆ་ཤང་གི་རྒྱ་རྭ་གྲོང་སྡེ་དང་རྟའུ་རྫོང་གི་གྲོང་ཁུལ་གསར་པར་ཕེབས་ནས་ཞིང་སྡེ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་བྱས་ཚུལ་ལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད་ད་དུང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།། 
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་གནོད་སྐྱོན་ཐེབས་རྗེས་ཀྱི་ཚན་པ་གསུམ་པའི་བསྐྱར་འཛུགས་རྣམ་གྲངས་གཅིག་བསྡུས་ཀྱིས་ལས་མགོ་བཙུགས།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀར་སྐུལ་འདེད་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།