དབྱངས་ཅན་གྱིས་བསྒྱུར། 2020-12-28
ཉག་རོང་རྫོང་སྐད་གཉིས་སྒྲོག་འགྲེལ་ཚོགས་པ་དགོན་སྡེར་ ཕྱིན་ནས་ཆེད་དོན་སྒྲོག་འགྲེལ་བྱས།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར། ཉག་རོང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་ཨུའི་ཏང་གི་སློབ་གྲྭ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱི་མི་སྣ་ལས་གྲུབ་པའི་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་རྫོང་ཡོངས་ཀྱི་དགོན་པ་སོ་སོར་ཕྱིན་ནས་སྒྲོག་འགྲེལ་བྱས་པ་རེད།
སྒྲོག་འགྲེལ་ཚོགས་པའི་གྲུབ་མིས་ཁ་སྐད་ཐོག་ནས་གསོན་ཉམས་ལྡན་པའི་སྐད་ཆ་བཀོལ་སྤྱོད་བྱས་ནས་ མིག་སྔར་ཁུལ་དང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་རྒྱུད་རིམ་དང་ཁྱོན་ཡོངས། གཏིང་ཟབ་པོས་རྒྱ་ཆེ་བའི་གྲྭ་བཙུན་རྣམས་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་ཆབས་ཅིག ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་འཛིན་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་རྩ་འཛུགས་ཀྱི་འདུ་ཤེས་བཅངས་པར་མ་ཟད། དད་ལྡན་མང་ཚོགས་ཀྱི་ཏང་གི་དྲིན་གཟོ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བར་དགེ་མཚན་ལྡན་པའི་ཁྲིད་སྟོན་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10