སེར་ཤུལ་རྫོང་གིས་མང་ཚོགས་ལས་ཀའི་ཁྲོད་དུ་འབྲོག་པའི་གཞིས་ཆགས་ཀྱི་དངུལ་བུན་ཞིབ་རྩིས་བྱ་རྒྱུར་ཤུགས་སྣོན་བརྒྱབ།

བདེ་སྐྱིད་ཀྱིས་བསྒྱུར།        2014-12-25

སེར་ཤུལ་རྫོང་གིས་མང་ཚོགས་ལས་ཀའི་ཁྲོད་དུ་འབྲོག་པའི་གཞིས་ཆགས་ཀྱི་དངུལ་བུན་ཞིབ་རྩིས་བྱ་རྒྱུར་ཤུགས་སྣོན་བརྒྱབ།

འབྲོག་པའི་གཞིས་ཆགས་ཀྱི་ལས་གྲྭ་ཧ་ལམ་ལོ་བཞིར་ཧུར་བརྩོན་བྱས་ཏེ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བས་མ་ཚད་ད་དུང་བེད་སྤྱོད་བྱེད་འགོ་ཚུགས་ཡོད།  དེ་དང་ཆབས་ཅིག་འབྲོག་པའི་གཞིས་ཆགས་ཀྱི་དངུལ་བུན་ཞིབ་རྩིས་བྱས་ནས་དངུལ་སྡུད་པའི་ལས་ཀ་ཡང་གྲོས་རིམ་ཉིན་ཐོར་བཞག་ཡོད་པ་རེད།   སེར་ཤུལ་རྫོང་གིས་མང་ཚོགས་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་རྫོང་དང་ཤང་།  གྲོང་གསེབ་བཅས་རིམ་པ་གསུམ་མཉམ་འགུལ་བྱས་པ་དང་།     དྲིལ་བསྒྲགས་དང་ལྟ་སྐུལ་སློབ་སྟོན་ལ་ཤུགས་སྣོན་བརྒྱབ་པ།    དངུལ་བུན་ཕྱིར་སྤྲོད་ཀྱི་མིག་དཔེ་འཛུགས་པ་བཅས་ཀྱི་བྱེད་སྟངས་སྤྱད་ནས་མང་ཚོགས་ཀྱིས་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས་ཏེ་དངུལ་བུན་ཞིབ་རྩིས་བྱས་ནས་དངུལ་སྡུད་པའི་ལས་ཀ་ཚན་རིག་དང་མཐུན་པ་དང་ཚུལ་མཐུན་གྱིས་སྐུལ་སྤེལ་བཏང་།   ད་ལོའི་ཟླ་བ8པ་ནས་བཟུང་། སེར་ཤུལ་རྫོང་གིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་ཀྱི་འཆར་གཞིའི་ཆེད་གཉེར་དངུལ་བུན་ཁྱིམ་ཚང1627གྱི་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི4089ཡི་དངུལ་བུན་ཞིབ་རྩིས་བྱས་ནས་སྡུད་པའི་ལས་ཀ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་རེད། 
མིག་སྔར།  སེར་ཤུལ་རྫོང་གིས་མང་ཚོགས་ལས་ཀ་ཏན་ཏིག་བསྒྲུབས་པ་བརྒྱུད་ནས།  མང་ཚོགས་ཀྱི་ཤེས་རྟོགས་དང་བློས་འཁེལ།  རྒྱབ་སྐྱོར་བཅས་ཐོབ་པས་དངུལ་བུན་ཞིབ་རྩིས་བྱས་ནས་དངུལ་སྡུད་པའི་ལས་ཀ་དུས་ཐོག་ཏུ་ལེགས་འགྲུབ་བྱུང་བ་རེད།། 
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་ཁྲི་སྟོང་ལས་གྲྭ་བདུན་ལན་ལེན་བསྟར་ནས་དམངས་འཚོ་ལེགས་བཅོས་བྱས།
  • ལེ་ཚན་རྗེས་མ།:བཟོ་ཚོང་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དར་མདོ་རྫོང་གནོད་ཐེབས་ས་ཁུལ་ལ་མ་དངུལ་སྒོར་ཁྲི85ཞལ་འདེབས་ཕུལ།
  • དོ་སྣང་ཆེ་བའི་རྩོམ།