དཀར་མཛེས་ཁུལ་ཨུའི་སྐབས11པའི་ཚང་འཛོམས་གྲོས་ཚོགས་ཐེངས10པ་འཚོགས།

        2020-12-17

    སྤྱི་ཟླ12པའི་ཚེས16ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དར་རྩེ་མདོ་རུ་འཚོགས་པ་རེད།

དཀར་མཛེས་ཁུལ་ཨུའི་སྐབས11པའི་ཚང་འཛོམས་གྲོས་ཚོགས་ཐེངས10པ་འཚོགས།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་གཏན་འབེབས་དང2035ལོའི་རྒྱང་རིང་གི་དམིགས་ཡུལ་སྐོར་གྱི་གྲོས་འགོ(གྲོས་བསྡུར་མ་ཟིན)》དང《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དཀར་མཛེས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས(གྲོས་བསྡུར་མ་ཟིན)》ལ་གྲོས་ཞིབ་བྱས་པ་རེད།

    ཐེངས་འདིའི་གྲོས་ཚོགས་ཀྱིས་འབྱུང་འགྱུར་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་འཆར་གཞི་གསར་པ་འདིང་རྒྱུ་ཡིན་པ་རེད།



  • ལེ་ཚན་སྔོན་མ།:མཛེས་པའི་ཡུལ་ལྗོངས་ཁྲོད་དུ་མི་སེམས་སྤྲོ་བ་འཕེལ།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་གིས་ཐུམ་འབུའི་ནད་མེད་པར་བཟོས་ནས་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་པ།
  • དོ་སྣང་ཆེ་བའི་རྩོམ།