2020-12-15
རང་ཁུལ་གྱི་ཁུལ་ཨུའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་ཀའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས10པ་དང་ཁུལ་ཨུའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས41པ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་དར་མདོར་ཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཟླ12པའི་ཚེས7ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། སྤྱི་ཟླ12པའི་ཚེས8ཉིན་ཞིང་ཆེན་ཏང་ཨུའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་ཀའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཀྱི་རིམས་ནད་གནས་ཚུལ་བརྡ་ཁྱབ་བཏང་བ། རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་ཀའི་སྙན་སེང་ཉན་འཇོག་བྱས་ནས་ཕྱིན་ཆད་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ལིའུ་ཁྲེང་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བ་དང་ལུས་པོ་བདེ་ཐང་ཨང་དང་པོར་འཇོག་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་ནས་ཉེན་ཁ་གྲལ་བཤེར་ཁྱོན་ཡོངས་ནས་ཡག་པོ་བྱ་དགོས་པ་དང་། གཉིས་ནས་གཙོ་གནད་སྔོན་འགོག་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱག་དགོས། གསུམ་ནས་འཚུབ་བསྟུན་གྲ་སྒྲིག་ཁྱོན་ཡོངས་ནས་ཡག་པོ་བྱ་དགོས། བཞི་ནས་ཕྱོགས་ཁག་གི་འགན་འཁྲི་ཁྱོན་ཡོངས་ནས་ནན་དུ་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།།
བདེ་སྐྱིད་ཀྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10