དར་རྩེ་མདོའི་རང་འདེམས་ཟ་ཁང་གིས།ཕོ་བ་བརྒྱགས་ན་མིག་མི་བརྒྱག་པའི་བྱ་སྤྱོད་གཏན་འགོག་བྱས།

ཟླ་བ་སྒྲོལ་མས་བསྒྱུར།        2020-12-07

ཉེ་ཆར། དར་མདོ་གྲོང་ཁུལ་གྱི་རང་འདེམས་ཟ་ཁང་ཞིག་གི་ནང་ཟས་རིགས་ལེན་བཞིན་པའི་མགྲོན་པོ་ཞིག་གིས་རང་གི་གྲོགས་པོར་ཐེངས་མ་གཅིག་ལ་ཟས་རིགས་མང་པོ་མ་ལེན་ཞེས་དྲན་སྐུལ་བྱེད་བཞིན་འདུག

ཟ་མ་བཟའ་བའི་དུས་ཚོད་ལ་ཐོན་ནས་རྒྱ་ཁོག་ཟ་ཁང་ལ་མགྲོན་པོས་ཁེངས་ནས་འདུག སྔོ་ཚལ་རིགས་མང་པོའི་ནང་རང་འདེམས་བྱས་ནས་བླང་ཆོག་ན་ཡང་མགྲོན་པོ་ཚོས་ང་ཚོས་ཟ་མ་ཟ་ཚོད་ཀྱིས་བླང་དགོས་པའི་སྐོར་གླེང་མོལ་བྱེད་བཞིན་ཡོད་པ་གོམས་གཤིས་སུ་ཆགས་བཞིན་ཡོད་པ་རེད། མི་རྒན་བློ་ལགས་ཀྱིས་སྐད་གསང་མཐོན་པོས་རང་འདེམས་ཟས་རིགས་རང་འགར་བཟའ་ཆོག་ནའང་འཕྲོ་བརླག་གཏོང་དགོས་དོན་མེད་པས་ཚང་མས་བཟའ་ཚོད་ཙམ་བླངས་ན་འགྲིག་གི་རེད་ཅེས་དྲན་སྐུལ་བྱས་པ་རེད།

རང་འདེམས་ཟ་ཁང་གི་ལས་སྒྲུབ་པ་ཁྲེན་ལགས་ཀྱིས་བཤད་དོན། སྔོན་ཆད་མགྲོན་པོ་ཁ་ཤས་ཀྱིས་ཟས་རིགས་འདོན་སྤྲོད་འདང་ངེས་དང་དུས་ཐོག་ཏུ་ལེན་རྒྱུ་མི་ལོན་པར་དོགས་ནས་ཟས་རིགས་མང་པོ་ལེན་པའི་གནས་ཚུལ་བྱུང་བ་རེད། གལ་སྲིད་དོ་དམ་ཡག་པོ་མ་བྱས་ན་རང་འདེམས་ཟ་ཁང་ནི་ཟས་རིགས་ཆུད་ཟོས་སུ་བཏང་བའི་གནོད་འཚེ་ཚབས་ཆེན་ཐེབས་ཡུལ་དུ་འགྱུར་ངེས་རེད། ད་ལྟ་སྔོན་ཆད་དང་མི་འདྲ་འདུག ང་ཚོས་མགྲོན་པོ་ཚོ་ལ་ཟས་རིགས་བཟའ་ཚོད་ཙམ་ལེན་དགོས་ཞེས་དྲན་སྐུལ་བྱེད་མི་དགོས་འདུག

སྔོན་དུས་རང་འདེམས་ཟ་ཁང་གི་ཁ་ཟས་བླངས་པ་ལ་རིན་ཚད་ལས་བརྒལ་བ་ཞིག་ལེན་ཐུབ་ན་ད་གཟོད་བློ་བདེ་བ་དང་རྒྱལ་ཁ་ལོན་པའི་བསམ་བློས་ཁ་ཟས་མང་པོ་ཆུད་ཟོས་སུ་འགྲོ་མྱོང་།འོན་ཏེ་ཉེ་བའི་ལོ་འགའི་ནང་ལ་ཤུགས་ཆེན་པོས་སྡེར་མ་གཙང་དྭངས་ཀྱི་བྱ་སྤྱོད་སྤེལ་བ་དང་དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་ཇེ་དྲག་ཏུ་སོང་བས།ཕོ་བ་བརྒྱགས་ན་མིག་མི་བརྒྱག་པའི་བྱ་སྤྱོད་གཏན་འགོག་བྱས་ཏེ་ཟ་མའི་འཕྲོད་བསྟེན་དང་བདེ་ཐང་ལ་དམིགས་ནས་ཟོས་པ་དང་ཟ་མ་ཆུད་ཟོས་སུ་མི་གཏོང་བ་ནི་ཆེས་དཔལ་ཡོན་ལྡན་པའི་བྱ་སྤྱོད་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:པར་རིས་གསར་འགྱུར།
  • ལེ་ཚན་རྗེས་མ།:ལྷག་བསམ་རྣམ་དག་གིས་འབྲོག་པའི་གཞིས་ཆགས་སུ་མཇུག་མཐའི་ལས་ཀ་ཡག་པོ་སྒྲུབ་མཁན་གྱི་ཧྲུའུ་ཅི་དང་པོ་བསྟན་འཛིན།
  • དོ་སྣང་ཆེ་བའི་རྩོམ།