ཡར་ནང་གྲོང་སྡེའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ།

ཟླ་བ་སྒྲོལ་མས་བསྒྱུར།        2020-11-30

ཁང་པའི་གྱང་སོར་མོ་གསུམ་ཙམ་གས་ཡོད་ལ་སྡོད་ཁང་གི་ཆ་རྐྱེན་ཞན་པ་དང་འཐུང་ཆུའི་དཀའ་ངལ་ཆེ་བ། དངུལ་གྱི་ཡོང་འབབ་མེད་པས་ན་འཚོ་བའི་དགོས་མཁོ་ཉོ་རྒྱུ་མི་ལོན་པ་སོགས་དཀའ་ངལ་མང་པོ་ཡོད་པ་ནི་སྔོན་ཆད་དཀར་མཛེས་རྫོང་བྱེ་གསེར་ཡུག་ཤོག་ཡར་ནང་གྲོང་སྡེའི་གྲོང་མི་མེས་ཧྥུང་ཚང་གི་དངོས་ཡོད་གནས་ཚུལ་ཡིན་མོད། འོན་ཀྱང་དེང་སང་མེས་ཧྥུང་ཚང་གི་སྡོད་ཁང་གསར་པ་ཡོད་སའི་དཀར་མཛེས་རྫོང་སྲུབ་ངོ་ཡུལ་ཤོག་རྒྱུད་བཟུང་ལུང་བའི་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ས་ཚུགས་སུ་ཐོན་ཚེ། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ།གཙང་སྦྲ་འཕྲོད་བསྟེན་ལྡན་པའི་ཁང་ཁྱིམ།ཆུ་གློག་གི་ཆ་རྐྱེན་འཐུས་ཚང་བའི་མཐོ་སྒང་གི་གྲོང་སྡེ་གསར་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་རྒྱུ་འདུག

ཁྱོ་ག་སྨི་ཧྥུང་ནི་རྒྱ་རིགས་ཡིན་པ་ཁྱོ་མོ་གཡང་དགའ་ལྷ་མོ་ནི་བོད་རིགས་ཡིན་པའི་ཁྱིམ་ཚང་འདི་དུས་རབས20པའི་ལོ་རབས90པའི་ནང་ཁྱོ་ཤུག་ཏུ་གྱུར་ཞིག་ཡིན་ཞིང་། སྨི་ཧྥུང་རང་གི་ཕ་ཡུལ་དང་བྲལ་ནས་ཡུལ་དེར་འཚོ་བ་ལོ་ངོ30ཙམ་རོལ་ཡོད་པར་བརྟེན། ལོ་ན62ལ་ལོན་པའི་སྨི་ཧྥུང་གིས་དཀར་མཛེས་ཀྱི་འགྱུར་ལྡོག་བདེན་དཔང་བྱས་དང་བྱེད་བཞིན་ཡོད་པ་རེད། ལོ་ངོ30ཡི་རིང་ལ་སྨི་ཧྥུང་བཟའ་མི་གཉིས་ཀྱིས་བག་ཕེབས་རྩེ་དགའི་འཚོ་བ་རོལ་ནས་ད་ཐེངས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ་ཐུབ་པ་ལ་དགའ་མགུ་ཡི་རང་བྱེད་བཞིན་ཡོད་པ་རེད།

དཀར་མཛེས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲི་ཀང་གིས་སྨྱུག་འཛིན་པར་བཤད་དོན། བཀོད་སྒྲིག་ས་ཚུགས་འདིའི་ཉེ་འདབས་སྨི100རྒྱང་བའི་སར་མཐའ་འཁོབ་འབྲོག་ཁུལ་ཤེས་ཡོན་མི་སྣ་གསོ་སྐྱོང་སློབ་གྲྭ་བཙུགས་ཡོད་པ་དང་། སྨི500ཙམ་རྒྱང་བའི་སར་དཀར་མཛེས་རྫོང་རྒྱ་བོད་སྨན་ཁང་བཙུགས་ཡོད་པར་བརྟེན།བུ་རྒྱུད་སློབ་གྲྭར་ཞུགས་རྒྱུ་དང་སྨན་བཅོས་གྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད།2016ལོ་ནས་བཟུང་དཀར་མཛེས་རྫོང་གིས་བཀོད་སྒྲིག་ས་ཁོངས7ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ནས་རིམ་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.6གཏོང་འཇོག་བྱས་ཤིང་།ལོ་གཉིས་ཀྱི་རིང་ལ་དུད་ཚང807གྱི་མི་གྲངས3547གྱི་གནས་སྤོས་བྱ་རྒྱུའི་ལས་འགན་ལེགས་འགྲུབ་བྱུང་བ་རེད།

དེང་སང་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་ཁྱིམ་མཚེས་དགོན་ལུང་རུ་ཁག་དང་ནུས་རྩལ་མཐོར་འདེགས་རུ་ཁག རིག་རྩལ་རུ་ཁག་སོགས་བཙུགས་ནས་གཞི་རིམ་གྱི་ལས་དོན་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། གཞི་རིམ་ཏང་ཡོན་ཚོས་དེའི་ནང་ཞུགས་ནས་སེམས་པ་དང་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་སོང་ནས་མི་སེར་ཚོ་དཀའ་ཁག་ལ་འཕྲད་ཚེ་ཐོག་དང་པོར་ཏང་ཡོན་འཚོལ་ནས་གནས་སྤོ་ཐུབ་པ་དང་།བརྟན་པོར་གནས་ཐུབ་པ།འཚོ་བ་ལེགས་པོ་རོལ་ཐུབ་པར་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད།ནུས་པ་བཏོན་དང་འདོན་བཞིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མཐོ་རིམ་ཤེས་ཡོན་མི་སྣའི་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་གནས་ཚུལ་ཞིབ་འཇུག་ཟབ་སྦྱོང་དང་གུང་གསེང་ལུས་གསོ་བྱས།
  • ལེ་ཚན་རྗེས་མ།:གནས་མཆོག་དཀར་མཛེས་ས་ཆའི་འགྲིམ་འགྲུལ་བྱ་གཞག་སྐོར་གྱི་འཕེལ་རིམ་རགས་བཀོད།
  • དོ་སྣང་ཆེ་བའི་རྩོམ།