2020-11-04
མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་མཐུན།
མི་རིགས་སྲོལ་རྒྱུན་ལུས་རྩལ་དར་རྒྱས་ཕྱིན།
བཀའ་དྲིན་གླུ་དབྱངས་གུང་ཁྲན་ཏང་ལ་འབུལ།
དབུལ་སྐྱོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སོང་།
སྲོལ་རྒྱུན་རིག་གནས་ངོ་མཚར་རབ་ཏུ་འབར།
མཚོ་ལྷོ་ཁུལ་ལ་མི་གྲངས་ཉུང་བ་དང་མི་རིགས་མང་ཞིང་། མི་གྲངས་བསྡོམས་འབོར་ལས་བོད་རིགས་ཀྱི་བསྡུར་ཚད་ཧ་ཅང་ཆེ། 2013ལོར་ཞིང་ཨུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་བསྐྲུན་རྒྱུའི་འབད་འཐབ་དམིགས་ཚད་བཏོན་ནས་གསར་འཛུགས་ལས་དོན16དང་གཙོ་གནད་ལས་འགན30ལག་བསྟར་ཤུགས་ཆེན་བྱས་ཡོད། འདི་ལོའི་ལོ་སྟོད་བར་དུ་ཁུལ་ཡོངས་ཀྱི་གསར་འཛུགས་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་ཡི་བླང་བྱའི་ཚད་གཞིར་བསླེབས་ཡོད་པ་རེད། ཚད་གཞི་མཐོ་བ་དང་། ཕྱོགས་མང་བ། རིམ་པ་མང་བ་བཅས་ཀྱི་གསར་འཛུགས་བྱེད་སྟངས་བརྒྱུད་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད།
ཚད་གཞི་མཐོ་བའི་ཐད་ནས་བཤད་ན། མཚོ་ལྷོ་ཁུལ་གྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏང་རྒྱུ་དེ་འགག་རྩའི་གནས་སུ་བརྩིས་ནས་མགོ་ཁྲིད་གཙོ་བོའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་རེད། གསར་འཛུགས་ལས་དོན་གྱིས་ཁྱོན་ཡོངས་སྟངས་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་ལས་དོན་དེ་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་དཔྱད་ཞིབ་ནང་དོན་དུ་བཅུག་ནས་ཏང་སྲིད་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། འགག་རྩའི་གནས་སུ་གྱུར་པའི་ཏང་ཨུའི་ཧྲུའུ་ཅི་དམ་འཛིན་བྱས་ནས་ཁུལ་རིམ་པས་མཛུབ་ཁྲིད་ལ་སྣང་ཆེན་དང་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ་དང་། རྫོང་རིམ་པས་ལག་བསྟར་ལ་སྣང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཡུལ་ཤོག་དང་གྲོང་རྡལ་རིམ་པས་ཕན་འབྲས་དངོས་ལ་སྣང་ཆེན་དང་ཚད་བརྒལ་ཡོང་བ་བྱེད་པ། གྲོང་སྡེ་དང་སྤྱི་ཁུལ་རིམ་པས་སྐུལ་སློང་ལ་དམ་འཛིན་དང་དེའི་ནང་ལ་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། གསར་འཛུགས་ལས་ཀའི་ལྟ་སྐུལ་སློབ་སྟོན་ལམ་ལུགས་ནན་འཛུགས་དང་། མཉམ་སྐྲུན་མཉམ་འཛུགས་དང་། དཔྱད་འདེམས་གཟེངས་བསྟོད། ལྟ་སྐུལ་ཞིབ་བཤེར། དཔྱད་ཞིབ་གདེང་འཇོག མཐུན་སྦྱོར་གཞོགས་འདེགས་བཅས་ཀྱི་ལམ་སྲོལ་ཁག་ལྔ་བཙུགས་ནས་ཕྱོགས་གང་ཅིའི་ལས་ཀའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཡོད།
ཕྱོགས་མང་བའི་ཐད་ནས་བཤད་ན། རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་མཚོ་ལྷོ་ཁུལ་གྱིས་གཏན་འབེབས་བྱས་པའི་བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་ཟུང་འབྲེལ་བྱས་ནས་ཕྱོགས་དགུ་ལ་དམིགས་པའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཞིང་། ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཁུལ་ཡོངས་ཀྱི་ལས་ཁུངས་274དང་། ཡུལ་ཤོག་དང་གྲོང་རྡལ36དང་། སྲིད་འཛིན་གྲོང་སྡེ423 དགོན་སྡེ219 དམག་མི་དང་ཉེན་རྟོག་པའི་ཚན་པ19 སློབ་གྲྭ78 སྤྱི་ཁུལ49 གཞུང་ཁོངས་ཁེ་ལས་དང་རིགས་ཁག་གི་ཁྲོམ་ར90བཅས་ཀྱི་ཁེབས་ཚད་བརྒྱ་ཆ100ལ་ཟིན་པ་དང་གཞུང་ཁོངས་མིན་པའི་ཁེ་ལས་དང་ཁྱིམ་ཚང་གི་ཁེབས་ཚད་སོ་སོ་བརྒྱ་ཆ96དང་བརྒྱ་ཆ་90ལ་ཟིན་ཡོད་པ་རེད།
རིམ་པ་མང་བའི་ཐད་ནས་བཤད་ན། ཁ་གཏད་རོགས་སྐྲུན་ལས་སྟེགས་གང་ལེགས་སྤྱད་དེ་ནང་དུ་གདན་དྲངས་པ་དང་ཕྱིར་བསྐྱོད་པའི་ཐོག་ནས་རྟོག་ཞིབ་སློབ་སྦྱོང་དང་ངལ་ནུས་ཕྱིར་གཏོང་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་མི་རིགས་སྤེལ་རེས་དང་མཉམ་འདྲེས་ཀྱི་བྱེད་སྒོ་སྤེལ་ཡོད། ལས་ཁུངས་དང་། ཁེ་ལས། དམག་མི་དང་ཉེན་རྟོག་སྡེ་ཚན། མང་ཚོགས་ཀྱི་རྩ་འཛུགས་བཅས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་དང་ཆ་འཕྲིན་ལག་རྩལ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་སྐྲུན་མཉམ་འཛུགས་དང་། ཀྲི་པུའུ་མཉམ་འཛུགས། ཏང་ཡོན་མཉམ་འབྲེལ་བཅས་ཀྱི་མཉམ་འབྲེལ་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མི་རིགས་ཀྱི་རིག་གནས་སྙིང་བཅུད་སྔོག་འདོན་གཏིང་ཟབ་བྱེད་པ། དེང་རབས་ཀྱི་རིག་གནས་ཁྲིད་སྟོན་དུ་འཛིན་པ་བཅས་བྱས་ནས་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་པའི་བྱེད་སྒོ་ཆེ་གྲས་དུ་མ་གཉེར་པ་རེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཧོར་ཁ་གྲོང་རྡལ་དར་དམར་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་པད་མ་རྡོ་རྗེས་གསར་འགོད་པར་ང་ཚོའི་གྲོང་ཚོའི་ཏང་ཡོན30ལྷག་ཡོད། ཏང་ཡོན་རེ་རེས་དུད་ཚང7ལ་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་། སྡོད་ཁང་རྒྱག་རོགས་བྱེད་པ། ཞིང་འདེབས་རོགས་བྱེད་པ། ཕྱིར་གླ་པར་སྐྱོད་པ་སོགས་ཀྱི་རོགས་སྐྱོར་བྱ་དགོས། རོགས་སྐྱོར་འདི་ལ་མི་རིགས་ཀྱི་དབྱེ་བ་གང་ཡང་མེད་པས་དུས་ཡུན་རིང་པོའི་ནང་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་ཁོར་ཡུག་ཇེ་བཟང་དུ་ཆགས་ཡོད། མཐུན་སྒྲིལ་གྱི་འགན་ལེན་ཡོད་དུས། ཉེ་བའི་ལོ་ཤས་ནང་གྲོང་ཚོའི་ནང་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་རྟེན་གཞི་གསུམ་འཕེལ་རྒྱས་བྱུང་བར་མ་ཟད། ད་དུང་མཉམ་ལས་ཁང་ཞིག་ཀྱང་བཙུགས་པས་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཡོད་ཅེས་དེ་ལྟར་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10