ལི་ཐང་རྫོང་གི་ཞོག་ཁོག་ཏུན90གཞན་ཡུལ་དུ་ཚོང་ལམ་བྲིན།

ཀུན་དགས་བསྒྱུར།        2020-11-04

ལི་ཐང་རྫོང་གི་ཞོག་ཁོག་ཏུན90གཞན་ཡུལ་དུ་ཚོང་ལམ་བྲིན།

སི་ཁྲོན་དགེ་འོས་སློབ་ཆེན་གྱིས་ཞོག་ཁོག་ཉོ་སྒྲུབ་བྱེད་བཞིན་པའི་ཚུལ།

    སྤྱི་ཟླ10པའི་ཚེས29ཉིན་སྨྱུག་འཛིན་པས་ལི་ཐང་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུར་བར་གཞིགས་ན། ད་ལོར་སི་ཁྲོན་དགེ་འོས་སློབ་ཆེན་གྱིས་ཉོ་སྒྲུབ་ཞལ་འདེབས་ཀྱི་བྱེད་ཐབས་བླངས་ནས་ལི་ཐང་རྫོང་གི་ཞོག་ཁོག་ཏུན90ཉོས་ཡོད་པ་རེད།

    སི་ཁྲོན་དགེ་འོས་སློབ་ཆེན་གྱིས་ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བ་དང་མང་ཚོགས་ཀྱིས་ཐོན་སྐྱེད་བྱེད་པའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་། དབུལ་སྐྱོར་བྱེད་སྟངས་འདི་གཞན་གྱིས་རོགས་སྐྱོར་བྱས་པ་ནས་རང་གི་ནུས་པ་ཡོད་པར་བསྒྱུར་བའི་བྱེད་སྟངས་སྤྱོད་ཆེད། འཇའ་བ་གྲོང་རྡལ་འཇའ་བ་སྨད་གྲོང་སྡེ་དང་། མོ་ལ་གྲོང་རྡལ་མཁར་བཞི་སྨད་གྲོང་སྡེའི་སྤུས་ལེགས་མཐོ་སྒང་གི་ཞོག་ཁོག་ཏུན90ཉོ་སྒྲུབ་བྱས། རིན་ཐང་སྒོར་ཁྲི39.6ལ་ཟིན་ཡོད་པ་རེད།

ཐེངས་འདིའི་དེའི་ཞོག་ཁོག་དག་ཁག་གསུམ་ལ་བགོས་ནས་སི་ཁྲོན་དགེ་འོས་སློབ་ཆེན་ཁྲེང་ལུང་སློབ་ཁུལ་དང་སེང་གེའི་རི་བོའི་སློབ་ཁུལ་དུ་དབོར་འདྲེན་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་སློབ་མའི་ཟ་ཁང་ལ་མཁོ་འདོན་བྱས་ཡོད། ཞོག་ཁོག་ཁག་གཅིག་འོས་འཚོང་བྱས་ཏེ་སློབ་གྲྭའི་དབུལ་སྐྱོར་ཐེབས་རྩའི་ནང་བཞག་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཐབས་ཇུས་གནད་སྨིན་བླངས་ཏེ་ཁེ་ལས་འབྲིང་ཆུང་གི་མ་རྩ་བསྡུ་གཏོང་བྱེད་རོགས་བྱས།
  • ལེ་ཚན་རྗེས་མ།:ཉག་ཆུ་དང་ཉག་རོང་གཉིས་ཀྱིས་དབྱི་པིན་དུ་ཚོང་འགུགས་དངུལ་འདྲེན་གྱི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར2གཏང་རྒྱུའི་གྲོས་མཐུན་བཞག
  • དོ་སྣང་ཆེ་བའི་རྩོམ།