གསེར་ཐར་རྫོང་གི2020ལོའི་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིང་སྡེའི་ཕྱུག་སྒྱུར་སྣེ་ཁྲིད་པའི་གསོ་སྦྱོང་བྱེད་མགོ་བཙུགས།

        2020-10-28

སྤྱི་ཟླ10པའི་ཚེས19ཉིན་གསེར་ཐར་རྫོང་གི2020ལོའི་གྲོང་སྡེའི་ཏང་ཙུའུ་ཧྲུའུ་ཅི་དང་ཞིང་སྡེའི་ཕྱུག་སྒྱུར་སྣེ་ཁྲིད་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་ཁྲེང་ཏུའུ་བཟོ་ལས་སློབ་གླིང་དུ་བཙུགས་ནས་སློབ་མགོ་ཚུགས་པ་རེད། གསེར་ཐར་རྫོང་གི་གྲོང་སྡེའི་ཏང་ཙུའུ་ཧྲུའུ་ཅི་དང་ཞིང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་པ49གསོ་སྦྱོང་ནང་ཞུགས་ཡོད།

ཁྲེང་ཏུའུ་བཟོ་ལས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཅིན་སུང་དང་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་ཡན་ཡུས་སུང་དང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཅུན་སོགས་མགོ་འཛུགས་མཛད་སྒོར་ཞུགས་ནས་གསུང་བཤད་ཀྱང་གནང་། ཁྲེང་ཏུའུ་བཟོ་ལས་སློབ་གླིང་གི་ཏང་ཨུའི་རྒྱུན་ཨུ། སློབ་གཙོ་གཞོན་པ་ཡའེ་ཀྲུང་པིན་གྱིས་གཙོ་སྐྱོང་བྱས།

ལི་ཅིན་སུང་གིས་ད་ཐེངས་ཀྱི་གསོ་སྦྱོང་ནི་སློབ་གྲྭ་དང་ས་གནས་བར་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། 2020ལོའི་ངེད་སློབ་གྲྭས་གསེར་ཐར་རྫོང་ལ་དབུལ་སྐྱོར་གནད་སྨིན་བྱས་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། སློབ་གྲྭས་མུ་མཐུད་དེ་ལམ་ལུགས་དང་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་ཞིང་། གསེར་ཐར་རྫོང་དང་འབྲེལ་བ་ཡུན་རིང་དང་ནང་སྲོལ་ཡུན་ཕན་བཙུགས་ཏེ་གསེར་ཐར་རྫོང་གི་དབུལ་སྐྱོར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བར་འབྲེལ་མཐུད་གོ་ཆོད་པོར་ཡོང་བར་རོགས་དན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧོ་པིའོ་ཡིས་ཁྲེང་ཏུའུ་བཟོ་ལས་སློབ་གླིང་གིས་གསེར་ཐར་རྫོང་གི་རྒྱ་ཤོད་གྲོང་རྡལ་དང་གསེར་ཁོག་གྲོང་རྡལ་ལ་སློབ་གསོའི་རོགས་སྐྱོར་དང་ཐོན་ལས་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་སོགས་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཚོགས་ཞུགས་སློབ་མ་ཡོངས་ལ་ཐེངས་འདིའི་གསོ་སྦྱོང་གི་གོ་སྐབས་དམ་འཛིན་བྱེད་ཅིང་བླང་བྱ་ལྟར་སློབ་སྦྱོང་ཡག་པོ་བྱས་ནས་ཕྱིན་ཆད་ཀྱི་ཡུལ་སྡེ་དར་རྒྱས་གཏོང་རིང་ལ་ཡང་དུ་བྱས་རྗེས་གཞག་དགོས་པའི་རེ་བ་བཏོན།

ཝང་ཅུན་གྱིས་ཚོགས་ཞུགས་སློབ་མ་ཡོངས་ལ་གསོ་སྦྱོང་གི་བླང་བྱ་ལྟར་སློབ་སྦྱོང་ཡག་པོ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་གསེར་ཐར་གྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་གཞག་ཁྲོད་ཡང་དུ་བྱས་རྗེས་གསར་པ་གཞག་དགོས་པའི་བླང་བྱ་བཏོན།

ད་ཐེངས་ཀྱི་གསོ་སྦྱོང་བྱེད་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། གཅིག་བསྡུས་སློབ་ཁྲིད་དང་བཞུགས་མོལ་གྲོས་ཚོགས། ཡུལ་དངོས་སློབ་ཁྲིད་བཅས་དང་འབྲེལ་བའི་བྱེད་ཐབས་སྤྱད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམངས་སྲོལ་ཁྲིམས་གཞུང་གི་འགྲེལ་བརྗོད། དབུལ་སྐྱོར་གནད་སྨིན་དང་ཡུལ་སྡེ་དར་རྒྱས་གཏོང་བ་སོགས་སྤྱོད་གོ་ཆོད་པའི་སློབ་ཚན་སྣ་མང་ཡོད། ད་དུང་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཐང་ཁྲང་གྲོང་རྡལ་གྱི་གདོང་ལེན་སྡེ་བ་དང་ཀྲན་ཆི་སྡེ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ལ་ལྟ་སྐོར་བྱས་པ་རེད།། གཡུ་མགོན་གྱིས་བྲིས།


  • ལེ་ཚན་སྔོན་མ།:གྲོང་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་ཞིང་།སྤྲོ་སྐྱིད་བག་འཕེལ་གྱི་འཚོ་བ་ལོངས་སུ་སྤྱོད།
  • ལེ་ཚན་རྗེས་མ།:འཇུ་ཚེ་སྟོབས་ལགས་ཀྱི་གསུང་རྩོམ་པོད་གསུམ་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།