ལིའུ་ཁྲེང་མིང་དང་བཅས་པ་ཧྲེན་ཀྲེན་དང་ཧུའེ་ཀྲོའུ་རུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་ལས་ཀར་འབྲེལ་མཐུད་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2020-10-26

བརྩེ་སེམས་ཟབ་མོ་བཅངས་ནས་བཀའ་དྲིན་ཞུས་ཤིང་ཐུན་མོང་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་བཟོས་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ལིའུ་ཁྲེང་མིང་དང་བཅས་པ་ཧྲེན་ཀྲེན་དང་ཧུའེ་ཀྲོའུ་རུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་ལས་ཀར་འབྲེལ་མཐུད་བྱས།

 སྤྱི་ཟླ10པའི་ཚེས19ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཏང་སྲིད་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་གནང་སྟེ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དང་ཧུའེ་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་ནས་ས་ཁུལ་གཉིས་ཀྱིས་དུས་ཡུན་རིང་པོར་རང་ཁུལ་ལ་ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་ཀྲེན་དང་ཧུའེ་ཀྲོའུ་ས་གནས་གཉིས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་སྔར་ལྷག་གིས་རོགས་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རོགས་སྐྱོར་བྱ་ཐབས་གསར་གཏོད་བྱེད་པ། སྤེལ་རེས་དང་མཉམ་ལས་ལ་ཤུགས་རྒྱག་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཧྲེན་ཀྲེན་དང་ཧུའེ་ཀྲོའུ་གྲོང་ཁྱེར་གཉིས་ཀྱི་ཁྲོམ་རའི་ལེགས་ཆ་དང་ལག་རྩལ་གྱི་ལེགས་ཆ། ཤེས་ལྡན་མི་སྣའི་ལེགས་ཆ། དོ་དམ་གྱི་ལེགས་ཆ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ཇུས་ཆེན་བཟོས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་དགོས་པའི་ཐུགས་རེ་གནང་བ་རེད།

དྲིན་དྲན་དང་བཀའ་དྲིན་ཞུ་བའི་བྱེད་སྒོ་སྤེལ་སྐབས་ལིའུ་ཁྲེང་མིང་གིས་ཀོང་ཏུང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེན་ཀྲེན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝུའེ་ཀྲུང་དང་ཧུའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་དབྱི་ཝུའེ་དང་བཞུགས་མོལ་གནང་བ་རེད། ལིའུ་ཁྲེང་མིང་གིས་ཧྲེན་ཀྲེན་ལ་བཅོས་བསྒྱུར་སྒོ་དབྱེ་བྱས་ནས་ལོ་ངོ40སོང་རིང་དང་ཧུའེ་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད།

ལིའུ་ཁྲེང་མིང་གིས་གསུངས་དོན། ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་དང་། ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་། ཧྲེན་ཀྲེན་གྲོང་ཁྱེར་ཏང་ཨུ། ཧུའེ་ཀྲོའུ་གྲོང་ཁྱེར་ཏང་ཨུ་སོགས་ཀྱིས་བརྩེ་དུང་ཟབ་མོས་རྒྱབ་སྐྱོར་གནང་འོག རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པར་བརྟེན། ཁུལ་ཡོངས་སུ་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡིན་པ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ལས་བྱེད་པས་འབད་འབུངས་ཡར་བརྩོན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཧྲེན་ཀྲེན་དང་ཧུའེ་ཀྲོའུ་ཡིས་སྐྲུན་རོགས་བྱས་པའི་ལས་གཞི་ཚང་མ་ནི་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་རྒྱུད་ཚོའི་སེམས་ནང་གི་བརྗིད་ཉམས་ལྡན་པའི་རྡོ་རིང་རེ་རེ་བཞིན་ཡིན་ཞིང་། རང་ཁུལ་ལ་མ་དངུལ་རོགས་སྐྱོར་དང་རིག་སྟོབས་རོགས་སྐྱོར་བྱས་པ་དེ་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དེབ་ཐེར་ནང་དུས་གཏན་དུ་བཀོད་དེ། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་རྒྱུད་ཚོས་དྲིན་དྲན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་རྒྱུ་ནོར་རྩ་ཆེན་དང་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཏུ་འགྱུར་ངེས་རེད། ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་བརྒྱབ་སྟེ། དཀར་མཛེས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་དེ་ཧྲེན་ཀྲེན་གྱི་ཁྲོམ་རའི་ལེགས་ཆ་དང་། ཤེས་ལྡན་མི་སྣའི་ལེགས་ཆ། ལག་རྩལ་གྱི་ལེགས་ཆ། དོ་དམ་གྱི་ལེགས་ཆ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་ཞིང་། ཐུན་མོང་ཐོག་གཉིས་ཕན་མཉམ་ཁེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས་ཞེས་ཐུགས་རེ་གནང་བ་རེད།

ཝང་ཝུའེ་ཀྲུང་གིས་བཞུགས་མོལ་གནང་རིང་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པར་རྟོག་ཞིབ་དང་སྤེལ་རེས་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས་པ་རེད། ཁོང་གིས་གསུངས་དོན། ད་ཆ་ཧྲེན་ཀྲེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་སྐབས་དང་ཀོང་ཏུང་དང་ཧྲེན་ཀྲེན་ལ་གཟིགས་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཚ་ཚ་འུར་འུར་གྱིས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་བཞིན་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་རྣམས་ཀྱི་སེམས་ལ་ཟུག་པ། རྩ་བ་ཚུགས་པ་བཅས་ཡོང་བར་སྐུལ་འདེད་གཏོང་བ་ཡིན། དཀར་མཛེས་ཁུལ་གྱི་སེར་ཤུལ་དང་སྡེ་དགེ། དཀར་མཛེས་བཅས་རྫོང་གསུམ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་དང་ཀོང་ཏུང་ཞིང་ཆེན་གྱིས་ཧྲེན་ཀྲེན་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས། ཧྲེན་ཀྲེན་གྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཀོང་ཏུང་ཞིང་ཆེན་གྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་ཡིན། ཞིང་ལས་ཐོན་རྫས་འགྲེམས་འཚོང་དང་ཡུལ་སྐོར་ལས་གཞི་ཁྱབ་སྤེལ། རིག་གནས་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཞིང་། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་། ཐུན་མོང་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་དགོས།

ལི་དབྱི་ཝུའེ་ཡིས་དཀར་མཛེས་ཁུལ་བཙུགས་ནས་ལོ70སོང་རིང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་རྟེན་འབྲེལ་ཞུས་པར་མ་ཟད། ད་དུང་ཧུའེ་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་དང་ཀོང་ཏུང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། སྔར་བཞིན་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མཉམ་ལས་སྤེལ་རེས་བྱེད་སྟངས་གསར་གཏོད་བྱས་ཏེ། ས་གནས་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས།

ལིའུ་ཁྲེང་མིང་དང་བཅས་པས་སྔ་རྗེས་སུ་ཧྲེན་ཀྲེན་ཧྲུན་ཧྥེང་མཁའ་འགྲུལ་ཚད་ཡོད་སྤྱི་གཉེར་ཁང་དང་། ཧྲེན་ཀྲེན་མེ་དབྱི་ཐེན་ཐའེ་འཚོ་བཅུད་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཧུའེ་ཀྲོའུ་ཧྭ་ཞིན་འོད་གློག་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཧུའེ་ཀྲོའུ་གྲོང་ཁྱེར་ཙེ་རུའེ་ཞིང་ལས་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་བཅས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པས་མ་ཚད། ད་དུང་ཁེ་ལས་དང་སྤེལ་རེས་དང་བཞུགས་མོལ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་གྲོས་ཚོགས།
  • ལེ་ཚན་རྗེས་མ།:དོན་དག་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། འགན་འཁྲི་དང་བྱ་ཐབས་ནན་འཁྱོལ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།