ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2017-10-10

     ཟླ་བ10པའི་ཚེས3ཉིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་རྒྱལ་སྲུང་གཞུང་ལམ318པའི་ལྕགས་ཟམ་རྫོང་ནས་དར་མདོ་བར་རྟོག་ཞིབ་གནང་བ་རེད།

     རྟོག་ཞིབ་གནང་རིང་ཞའོ་ཡིའུ་ཚའེ་ཡིས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་སུ་འགྲིམ་འགྲུལ་ཉེན་མེད་ངང་ཤར་གཏོང་ཐུབ་པར་འགན་སྲུང་དང་། ཡུལ་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་རྟོག་ཞིབ་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་བ་རེད། ཞའོ་ཡིའུ་ཚའེ་ཡིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དུས་ཆེན་གཉིས་ཀྱི་སྐབས་སུ་འགྲུལ་པ་འགྲོ་འོང་དང་འཕྲུལ་འཁོར་རིགས་འགྲོ་འོང་བྱེད་པར་གནད་ལ་འཁེལ་བའི་ངོས་འཛིན་དང་། ཚན་རིག་དང་མཐུན་ཞིང་ཕུན་ནུས་ཡོད་པའི་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག ལམ་ངོས་ཀྱི་སྐོར་གཡེང་དང་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་པ་ཡག་པོ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྲིམ་འགྲུལ་གྱི་ལས་དོན་བསྒྲུབ་དགོས། ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲན་རྟོག་ཞིབ་ནང་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ས་གནས་གཉིས་ཀྱིས་མཉམ་ལས་སྤེལ་རེས་བྱེད་པའི་ལེའུ་གསར་པ་འབྲི་འགོ་ཚུགས།
  • ལེ་ཚན་རྗེས་མ།:རྒྱལ་སྟོན་དུས་ཆེན་སྐབས་སུ་ཡུལ་སྐོར་བ་འབོར་ཆེན་རང་ཁུལ་དུ་འབྱོར།
  • དོ་སྣང་ཆེ་བའི་རྩོམ།