སེར་ཤུལ་རྫོང་གི་སྤྱི་བདེ་ཉེན་རྟོག་པ་ཝང་ཀྲི་ཀང་གཞུང་དོན་དུ་སྐུ་གཤེགས།

ལྡོང་ཡོན་ཏན་རྒྱ་མཚོ།        2017-10-10

སེར་ཤུལ་རྫོང་གི་སྤྱི་བདེ་ཉེན་རྟོག་པ་ཝང་ཀྲི་ཀང་གཞུང་དོན་དུ་སྐུ་གཤེགས།

     ཝང་ཀྲི་ཀང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྲོ་ཆུ་རྫོང་གི་མི་ཡིན།1990ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་།1996ལོའི་ཟླ7པར་སྤྱི་བདེའི་ལས་གནས་སུ་ཞུགས།

  2017ལོའི་ཟླ10པའི་ཚེས6ཉིན། བློ་མཐུན་ཝང་ཀྲི་ཀང་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་དུ་བཅུ་པའི་རྫོགས་ལྡན་གཟའ་འཁོར་དང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་བའི་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀར་ཞུགས་ཤིང་། ཉིན་ཤས་བསྟུད་མར་ལས་གནས་སུ་འབད་འཐབ་བྱས་པ་དང་། ཐེག་ཚད་ལས་བརྒལ་བའི་དཀའ་ངལ་གྱིས་གློ་བུར་དུ་ནད་བྱུང་སྟེ་མྱུར་སྐྱོབ་ཀྱི་ཕན་ནུས་མ་ཐོན་པར་ཚེས6ཉིན་གྱི་ཆུ་ཚོད19སྟེང་སྟབས་མ་ལེགས་པར་གཞུང་དོན་དུ་སྐུ་གཤེགས་པ་རེད།

སེར་ཤུལ་རྫོང་གི་སྤྱི་བདེ་ཉེན་རྟོག་པ་ཝང་ཀྲི་ཀང་གཞུང་དོན་དུ་སྐུ་གཤེགས།
སེར་ཤུལ་རྫོང་གི་སྤྱི་བདེ་ཉེན་རྟོག་པ་ཝང་ཀྲི་ཀང་གཞུང་དོན་དུ་སྐུ་གཤེགས།

     བློ་མཐུན་ཝང་ཀྲི་ཀང་དུས་ཡུན་རིང་པོར་གངས་ལྗོངས་མཐོ་སྒང་དུ་སྤྱི་བདེ་ཉེན་རྟོག་གི་བྱ་བ་གཉེར་ཞིང་། ལྷག་བསམ་ཟོལ་མེད་ཀྱིས་རྫ་ཆུ་ཁ་རྩྭ་ཐང་ཆེན་མོའི་སྟེང་གི་ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཚོགས་བརྟན་གནས་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་དུས་སྐབས་གསར་པའི་མི་དམངས་ཉེན་རྟོག་པའི་སྙིང་སྟོབས་མཚོན་པ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་སྲིད་གྲོས་ཀྱིས་ངས་དབུལ་ཐར་འགག་སྒྲོལ་གྱི་ཆེད་དུ་ལས་དོན་ཞིག་སྒྲུབ་ཅེས་པའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དབུལ་ཕོངས་དུད་ཚང་གི་ཕྲུ་གུ་ཁ་ཤོ85ཡི་གདོང་ལ་འཛུམ་མདངས་ཁེངས།
  • དོ་སྣང་ཆེ་བའི་རྩོམ།