སྡེ་དགེ་རྫོང་དུ་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞི་བཙུགས།

        2017-10-01

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་དུས། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་མཐོ་གསར་ཁུལ་གྱིས་སྐྲུན་རོགས་བྱས་པའི“སྡེ་དགེ་ཟུར་ལུགས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་གསོ་སྦྱོང་སློབ་གྲྭ”རུ་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། ཟུར་ལུགས་ཀྱི་བོད་ཀྱི་གསོ་བ་རིག་པ་འབྱུང་གནས་ཤིག་ཡིན་པའི་སྡེ་དགེ་རྫོང་དུ་གཞི་ནས་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཆེད་དོན་རྟེན་གཞི་ཞིག་བྱུང་བ་རེད།

    སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ2645ཡོད་པའི་སློབ་གྲྭ་གསར་པ་དེ་ཐོག་སོ་གསུམ་ལྡན་གྱི་སློབ་ཁྲིད་ཐོག་ཁང་ཞིག་ཡིན་ཞིང་། དེའི་ནང་ཚོད་ལྟ་ཁང་དང་། བཤམས་སྟོན་ཁང་། བོད་ཀྱི་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་། ལྟ་ཀློག་ཁང་སོགས་ཡོད། ཁག་དང་པོར་སློབ་མ57ཡོད་པ་དེ་དག་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་ཡོང་བ་ཤ་སྟག་རེད། དེ་གོང་ཁོང་ཚོས་འཕྲོད་བསྟེན་སློབ་གྲྭར་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ལོ་གཉིས་སློབ་སྦྱོང་བྱས་པ་རེད།

    སྡེ་དགེ་རྫོང་རིག་གནས་ལུས་རྩལ་ཅུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་གསར་པ་དེ་ནི་དཀར་མཛེས་འཕྲོད་བསྟེན་སློབ་གྲྭའི་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་སྨན་བཅོས་སློབ་ཁྲིད་དངོས་སྦྱོང་རྟེན་གཞི་ཞིག་རེད་ལ། དེས་ད་དུང་རྫོང་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣ་རེས་མོས་གསོ་སྦྱོང་གི་ལས་འགན་ཡང་འཁུར་རྒྱུ་རེད། “རིན་པ་མི་དགོས་པ་དང་། ཡོངས་སུ་ཁྱབ་པ། རྫོང་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣར་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་ཁྱབ་གདལ་འོས་འཚམ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་བཅས་ཀྱི་ཐོག་ནས་གསོ་སྦྱོང་བྱས་ཏེ་རྫོང་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣའི་རྩལ་ནུས་ཆུ་ཚད་མཐོ་རུ་དང་། བྱང་ཚད་མཐོ་རུ། ནུས་པ་ཆེ་རུ་བཅས་གཏོང་རྒྱུ་ཡིན”ཟེར། །


  • ལེ་ཚན་སྔོན་མ།:འབྲི་ཆུ་སྔོན་མོའི་ཐོག་ཏུ་བཙུགས་པའི་གསེར་ཟམ།
  • ལེ་ཚན་རྗེས་མ།:ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།
  • དོ་སྣང་ཆེ་བའི་རྩོམ།