ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས།

སྐལ་ཐུབ་ཀྱིས་བསྒྱུར།        2017-09-28

     ཟླ་བ9པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཐེངས17པ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་ཀའི་དགོངས་འགྲེལ་གལ་ཆེན་སྐོར་སློབ་སྦྱོང་བྱས་ཤིང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད།

     ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཁུལ་ལས་ཀར་མཐོང་ཆེན་གནང་བ་དང་བོད་ཁུལ་མི་དམངས་ཀྱི་སྐྱིད་སྡུག་སེམས་ལ་བཅངས་ཏེ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཏང་གི་རྒྱལ་སྐྱོང་མཐའ་སྐྱོང་བོད་སྐྱོང་གི་རིགས་གཞུང་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་ཅིང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས། བོད་ཁུལ་སྲིད་ཇུས་བཅས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་གངས་ཅན་མཐོ་སྒང་གི་འབྱུང་འགྱུར་གྱི་འཆར་གཞི་བཀོད་པ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་གཞི་རྩའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བྱས་པ་རེད།

     ཚོགས་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུས་བཏོན་པའི་བླང་བྱ་ཞིབ་ཕྲ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་སྔར་ལྷག་གིས་ངོས་འཛིན་ཟབ་མོ་བཅང་བ་དང་ལངས་གནས་མཐོན་པོ་འཛིན་པ། སྲིད་ཇུས་བྱེད་ཐབས་དང་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་ལྷག་གིས་ཕྱོགས་སོ་སོའི་ཐོན་ཁུངས་དང་ནུས་པ་བེད་སྤྱོད་གཏོང་བ། སྔར་ལྷག་གིས་དབུལ་ཐར་འགག་སྒྲོལ་གྱི་ནང་གནས་སྒུལ་ཤུལ་སློང་བ། སྔར་ལྷག་གིས་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཇེ་ཆེར་གཏོང་བ། སྔར་ལྷག་གིས་ཞིབ་དཔྱད་དང་ལྟ་སྐུལ་འགན་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་ལྷག་གིས་རང་ཤུགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཤིང་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་ལས་ཀ་དེ་དོན་ཆེན་ནང་གི་འགངས་ཆེན་དུ་བཞག་ནས་དམ་འཛིན་ནན་འཛིན་ལེགས་འཛིན་བཅས་བྱ་དགོས།།


  • ལེ་ཚན་སྔོན་མ།:འགྲིམ་འགྲུལ་འགག་གསུམ་དུས་ཅིག་ཅར་དུ་བསྒྲལ།
  • ལེ་ཚན་རྗེས་མ།:འབྲི་ཆུ་སྔོན་མོའི་ཐོག་ཏུ་བཙུགས་པའི་གསེར་ཟམ།
  • དོ་སྣང་ཆེ་བའི་རྩོམ།