ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

མཁས་གྲུབ་དང་ཨོ་རྒྱན། ཀུན་དགའ། བདེ་ཆེན།        2017-09-26

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
སྔོན་འགྲོའི་གཏམ།

   འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པ་ནི་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་འོག་ཧུར་ཐག་གིས་སྤེལ་བཞིན་པའི་གལ་ཆེའི་ལས་གཞི་ཞིག་ཡིན་ལ། འགྲིམ་འགྲུལ་གྱི་འགག་སྒོ་རེ་རེ་བཞིན་བསྒྲལ་བས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་འགྱུར་བཞིན་ཡོད་པ་རེད། མིག་སྔར་འཕྲེད་བཞི་གཞུང་བཞི་ལས་གྲུབ་པའི་དཀར་མཛེས་ཀྱི་ས་ཁོངས་ཧྲིལ་པོར་ཡུལ་སྐོར་གྱི་དྲ་བས་ཁྱབ་པ་དང་། ཁུལ་ཡོངས་ཀྱི་གཞུང་ལམ་གྱི་རྐང་འཛིན་དྲ་རྒྱའི་མ་ལག་རྨང་གཞིར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གིས་རང་ཁུལ་གྱི་གང་ཅིའི་ཐད་ལ་འཕེལ་རྒྱས་ཀྱི་ལམ་ཆེན་ཞིག་གི་ཐོག་ཏུ་བསྐྱོད་ཐུབ་པ་རེད།

  དེ་རིང་།

སེམས་པའི་སྤྲོ་བ་དགུང་ལ་འཕྱུར་བའི་འཕྲིན་བཟང་ངག་གི་དབྱངས་རྟ་ལ།།

གཡག་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་འུ་ལག་རི་བོའི་ཕུག་ལམ་གྱི།།

གཡས་གཡོན་འགྲོ་འོང་ལམ་དོང་གཉིས་ཀ་ཕུག་མཇུག་བསྒྲིལ་བའི་གཏམ་བཟང་དང་།།

ཁམས་དར་ཟམ་ཆེན་དཔྱང་འདེགས་ལྷུ་སྒྲིག་ལེགས་གྲུབ་བྱུང་བའི་ཁ་གཡང་གཉིས།།

སྡེ་དགེ་ཁྲོ་ལའི་ཕུག་ལམ་གཞུང་དུ་རླངས་འཁོར་དངོས་སུ་ཤར་གཏོང་གསུམ།།

སྐར་བཟང་ཚེས་བཟང་དོན་ཆེན་གསུམ་གྲུབ་བཟང་གསུམ་འཛོམས་པའི་ཉིན་མོ་འདི།།

དཀར་མཛེས་མི་དམངས་འབྱུང་འགྱུར་བདེ་ཞིང་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྟགས།།

   དེ་ལྟར་རང་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་ཐད་ཀྱི་འགག་རྩ་ཆེན་པོ་གསུམ་གྱི་འཕེལ་ཁ་དར་བ་དེས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དང་སྐྱེ་ཁམས་ནུས་ཁུངས། གཏེར་ལས། ས་མཐོའི་ཁྱད་ལྡན་གྱི་དེང་རབས་ཞིང་འབྲོག་ལས་དང་རིག་གནས་ཐོན་ལས། ཀྲུང་ལུགས་སྨན་རྫས་དང་བོད་ལུགས་གསོ་རིག་གི་ཐོན་ལས་བཅས་མྱུར་མོར་འཕེལ་རྒྱས་ཕྱིན་པ་ལ་རྨང་གཞི་བརྟན་པོ་འདིང་བ་རེད།

   འཛུགས་སྐྲུན་ཁྲོད་ཀྱི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་རླངས་འཁོར་ཤར་གཏོང་ཐུབ་པའི་ཁྲོ་ལའི་ཕུག་ལམ་བཅས་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ལྷ་དར་དཀར་པོ་འདི་ཉིད་དཀར་མཛེས་མི་དམངས་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་འབུལ་བའི་ཆེས་བཟང་བའི་ལག་སྐྱེས་ཤིག་རེད་དོ།། 


འུ་ལག་རི་བོའི་ཆེས་རིང་བའི་ཕུག་ལམ་ཕུག་མཇུག་བསྒྲིལ་བ

   ལོ་ངོ60སྔོན་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག18པས་གཡག་རྔ་ནས་ལྷ་ས་བར་གྱི་གཞུང་ལམ་གསར་བསྐྲུན་བྱས་པ་དང་། གཞུང་ལམ་དེ་ལ་ཁྲོན་བོད་གཞུང་ལམ་ཟེར་བ་རེད། 

   1995ལོར་རིམ་པ་ཁག་གི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་འགྲིམ་འགྲུལ་པུའུ་ཡིས་འུ་ལག་རི་བོའི་ཕུག་ལམ་འཛུགས་སྐྲུན་ལེགས་སྒྱུར་གྱི་འཆར་གཞི་དངོས་སུ་ཆོག་མཆན་བཀོད་པར་མ་ཟད། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་དགུ་པའི་འཛུགས་སྐྲུན་ལས་གཞི་གཙོ་བོའི་ནང་འཇོག་པ་རེད། 1999ལོའི་ཟླ་བ12པའི་ཚེས7ཉིན་ཕུག་ལམ་དུ་རླངས་འཁོར་ཚོད་ལྟའི་ངང་ནས་ཤར་གཏོང་ཐུབ་པ་དང་། 2001ལོའི་ཟླ་བ་དང་པོའི་ཚེས11ཉིན་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་རེད།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

   གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་གྱི་མིག་སྔར་སྐྲུན་བཞིན་པའི་མྱུར་བགྲོད་གཞུང་ལམ་ནང་གི་ཟམ་པ་དང་ཕུག་ལམ་ཆེས་མང་བའི་ལས་གཞི་ཞིག་ཡིན་པ་དང་། ལམ་རྒྱུད་ཀྱི་ཟམ་པ་དང་ཕུག་ལམ་ཕན་ཚུན་འབྲེལ་ནས་ཡོད་པས་ཁྱོན་བསྡོམས་ཟམ་ཆེན129དང་ཕུག་ལམ44ཡོད་པ་རེད།  སྤྱི་ལེ13.4ཡོད་པའི་འུ་ལག་རི་བོའི་ཕུག་ལམ་ནི་ལས་གཞི་ཡོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་ཞིང2012ལོ་ནས་ལས་འགོ་ཚུགས་པ་རེད།

  དེ་རིང་། འཛུགས་སྐྲུན་གྱི་དཀའ་ངལ་ཆེས་ཆེ་བའི་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་འདི་ནི་ཁོར་ཡུག་སྲུང་སྐྱོང་གཙོ་བོར་བཟུང་ནས་བསྐྲུན་པའི་ཕུག་ལམ་ཞིག་ཡིན་པས་གཡས་གཡོན་གྱི་དོང་ལམ་ཕུག་མཇུག་བསྒྲིལ་བ་རེད།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།


  ད་ལྟ་ནི་ཞོགས་པའི་ཆུ་ཚོད10པ་ཡིན་ལ། འུ་ལག་རི་བོའི་ཆེས་རིང་བའི་ཕུག་ལམ་གྱི་གཡས་དུང་གི་སྤྱི་ལེXཔའི་མཚམས་སུ་ཕུག་ལམ་གྱི་འགག་སྒོ་མཐའ་མ་དེ་གཏོར་ནས་ཕུག་མཇུག་བསྒྲིལ་བ་དང་། དུས་དེ་ནས་བཟུང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གལ་ཆེའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་འུ་ལག་རི་བོའི་ཆེས་རིང་བའི་ཕུག་ལམ་དངོས་སུ་ཕུག་མཇུག་བསྒྲིལ་བ་རེད།

 

ལྕགས་ཟམ་ཁའི་ཁམས་དར་ཟམ་ཆེན་གྱི་ངར་ལྕགས་གདུང་ལེབ་ལྷུ་སྒྲིག་བྱེད་པ། 

  གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་གི་ཁམས་དར་ཟམ་ཆེན་ལ་ངར་ལྕགས་ཀྱི་དཔྱང་འདེགས་ལྷུ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། ཟམ་ཆེན་འདི་ནི་ས་ཁད་མཐོ་ལ་ས་འགུལ་དྲག་པོ་འབྱུང་ཡུལ་དུ་བསྐྲུན་པའི་བར་བརྒལ་ཆེ་བའི་ཟམ་པ་ཞིག་ཡིན་ཞིང་། ས་འགུལ་རིམ་པ9འགོག་ནུས་ཀྱི་ཁྱད་ཆོས་དང་རླུང་ཤུགས་རིམ་པ12འགོག་ནུས་ཡོད་པའི་ཚད་གཞི་ལྟར་ཇུས་འགོད་བྱས་པ་རེད།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
     ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

        ཟམ་པའི་རིང་ཚད་ལ་སྨི1411ཡོད་པ་དང་བཟོ་སྐྲུན་གྱི་འགྲོ་སོང་སྒོར་དུང་ཕྱུར10ལས་བརྒལ་བ་རེད། ཟམ་ཆེན་གྱི་གཙོ་བོའི་འདྲེན་ཐག་འབྱར་མ་ཡོངས་ལས་ལྕགས་སྐུད་བསྡོམས་འབོར34034ཡོད་པ་དང་། རིང་ཚད་སྤྱི་ལེ་ཁྲི6ལས་བརྒལ་བར་བརྟེན་སའི་གོ་ལར་སྐོར་བ་གཅིག་ཕྱེད་རྒྱག་ཆོག་པ་དང་། འདྲེན་ཐག་འབྱར་མ་རེའི་རྒྱོང་ཤུགས་ལྕོགས་ཚད་ཧ་ལམ་ཏུན་ཁྲི2.8ཡིན་པ་རེད།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།


  དེ་རིང་ནི་ཟམ་ཆེན་གྱི་ངར་ལྕགས་གདུང་ལེབ་ཡུག་གཅིག་དཔྱང་འདེགས་ལྷུ་སྒྲིག་བྱ་རྒྱུ་ཡིན་ལ། དེའི་རིང་ཚད་ལ་སྨི13དང་། ཞེང་ལ་སྨི27 མཐོ་ཚད་སྨི9ཡོད་ཅིང་། ལྗིད་ཚད་ཏུན130ཡོད་པའི་ངར་ལྕགས་ཀྱི་གདུང་ལེབ་དཔྱང་འདེགས་ལྷུ་སྒྲིག་སྒྲོམ་སྟེགས་ཀྱིས་ཟམ་ཆེན་གྱི་དཀྱིལ་དུ་སྒྲིག་སྦྱོར་བྱ་རྒྱུ་རེད། ཤེས་རྟོགས་བྱུར་བར་གཞིགས་ན། དེ་ལྟ་བུའི་ངར་ལྕགས་ཀྱི་གདུང་ལེབ53དཔྱང་འདེགས་ལྷུ་སྒྲིག་བྱ་དགོས་པ་དང་། སྔོན་རྩིས་བྱས་ན་སང་ལོའི་ལོ་སར་སྔོན་དུ་སྒྲིག་སྦྱོར་བྱ་ཚར་རྒྱུ་རེད། 


སྡེ་དགེ་ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་།

  ཁྲོ་ལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་ཆགས་ཤིང་། མཚོ་འཕགས་སྨི6168ཡོད་ལ། ཁྲོན་བོད་གཞུང་ལམ་གྱི་བྱང་རྒྱུད་ཀྱི་རྒྱལ་ལམ317གྱི་བརྒྱུད་ཡུལ་ཡིན། ཐད་ཀར་བོད་ལྗོངས་ཆབ་མདོ་དང་འབྲེལ་ཞིང་། བོད་ལྗོངས་དང་ནང་ལོགས་ས་ཁུལ་ཕན་ཚུན་བར་གྱི་རྒྱུ་ལམ་གཙོ་བོ་དེ་ཡིན།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

  ཁྲོན་བོད་གཞུང་ལམ་དུ་བདེ་བགྲོད་བྱ་ཆེད་སྤྱི་ལོ1954ལོར་ཁྲོ་ལ་རུ་དཀར་མཛེས་གཞུང་ལམ་བདག་སྐྱོང་སྤྱི་ཁྱབ་རུ་ཁག་ཁྲོ་ལ་ལམ་སྐྱོང་ས་ཚིགས་ལྔ་པ་ཞེས་པ་གསར་འཛུགས་བྱས་ཤིང་། ཁྲོ་ལའི་ལ་ཁའི་གཞུང་ལམ་སྤྱི་ལེ10དང་ཁྲོ་ལ་གཡས་གཡོན་གྱི་སྤྱི་ལེ16གི་ས་མཚམས་ཀྱི་གངས་འཁྱགས་འདེད་པའི་འགན་ཁུར།  ལམ་སྐྱོང་ས་ཚིགས་འདི་ནི་མཚོ་འཕགས་སྨི4889ཡི་སར་བསྐྲུན་ཡོད་པས་སྤྱི་ལེ་སུམ་སྟོང་ཡོད་པའི་ཁྲོན་བོད་གཞུང་ལམ་སྟེང་གི་མཚོ་འཕགས་ཆེས་མཐོ་བའི་ལམ་སྐྱོང་ས་ཚིགས་ཞིག་ཡིན།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།


  བཀྲ་ཤིས་རྒྱ་མཚོ༼རྒྱ་མིང་ལ་ཁྲེན་ཏའེ་ཧཱ༽ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཞུང་ལམ་དོ་དམ་ཅུས་ཁྲོ་ལའི་ལམ་སྐྱོང་ས་ཚིགས་ལྔ་པའི་འགོ་གཙོ་ཡིན་ལ། ལས་ཀར་ཞུགས་ས་ལ་མཚོ་འཕགས་སྨི4889ཡོད་ལ། ཁྲོན་བོད་གཞུང་ལམ་སྟེང་གི་མཚོ་འཕགས་ཆེས་མཐོ་བའི་ལམ་སྐྱོང་ས་ཚིགས་དེ་ཡིན། མཚོ་འཕགས་སྨི4500ཡི་ཡན་ཆད་ཡོད་ས་ནི་ཚེ་སྲོག་ལ་ཉེན་ཁ་ལྡན་ས་དེ་ཡིན་རུང་། ཁྲེང་ཏའེ་ཧཱ་ནི་དེ་ལས་ལྡོག་ཏེ་ཉེན་ཁ་ཆེ་སའི་ས་མཐོ་འདི་ནས་ལོ20ཡི་རིང་ལ་དཀའ་སྤྱད་སྡུག་རུས་ཀྱིས་གཏན་སྡོད་བྱས་པ་རེད། ལས་བཟོ་བ་དང་ལམ་འགྲོ་པ་དག་གིས་ཁོའི་མིང་ལ་གངས་རིའི་ལྕགས་ཀྱི་མི་ཞེས་པའི་མིང་ཞིག་བཏགས་ཡོད།  ཁོ་ལ་སྤྱི་ལོ1991ལོ་ནས་སྔ་ཕྱི་ལ༼རྒྱལ་ཡོངས་འགྲིམ་འགྲུལ་འཐབ་ཕྱོགས་ཀྱི་ངལ་རྩོལ་དཔེ་བཟང༽ཞེས་པ་དང་།༼རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་། ས་ཁྲོན་ཞིང་ཆེན་སྐབས་ལྔ་པའི༼ཕུལ་བྱུང་ཆེན་པོ་བཅུ་ཡི་ན་གཞོན༽དང་།༼རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན༽། ༼རྒྱལ་ཡོངས་འགྲིམ་འགྲུལ་མ་ལག་ལམ་སྐྱོང་པ་བཟང་པོ་བཅུ༽སོགས་ཀྱི་བྱ་དགའི་གཟེངས་བསྟོད་རབ་དང་རིམ་པ་ཐོབ།

  ཁྲེན་ཏའེ་ཧཱ་དེ་རིང་ཡུལ་དངོས་འདིར་འབྱོར་ཡོད་ལ། ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་ཁོ་དང་ཁོའི་ལམ་སྐྱོང་ས་ཚིགས་ལྔ་པའི་འགན་འཁྲི་ཡང་མཚམས་འདི་ནས་མཇུག་རྫོགས་ཐུབ་རྒྱུ་རེད།

  ཁྲོ་ལའི་ཕུག་ལམ་ནི་འཛམ་གླིང་སྟེང་གི་མཚོ་འཕགས་ཆེས་མཐོ་ཞིང་རིང་ཚད་ཆེས་རིང་བའི་ཕུག་ལམ་ཞིག་ཡིན་ལ། ཁྲོ་ལའི་ཕུག་ལམ་གྱི་ལས་གྲྭ་དེ་རྒྱལ་ལམ317གྱི་ཁྲོན་བོད་བྱང་རྒྱུད་ཀྱི་དཀར་མཛེས་ནས་སྡེ་དགེ་སྐམ་ཐོག་བར་གྱི་ས་མཚམས་སུ་ཡོད་ཅིང་། ཁྲོ་ལ་བརྒལ་བར་འགག་རྩ་རང་བཞིན་གྱི་ལས་གྲྭ་ཞིག་ཡིན། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ12ཡོད་ཅིང་། ཕུག་ལམ་ཁོ་ནའི་རིང་ཚད་ལ་སྨི7079ཡོད་ལ། ཕུག་ལམ་གཡས་གཡོན་གཉིས་སུ་ལམ་ཐིག་སྤྱི་ལེ་ལྔ་ཡོད་ལ། ལས་གཞི་འདིར་མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར11.2བཏང་ཡོད་པ་རེད།


ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།


   2011ལོའི་ཟླ་བ6པའི་ཚེས1ཉིན། རྒྱལ་ལམ317པའི་ལམ་རྒྱུད་ཀྱི་ཁྲོ་ལའི་ཕུག་ལམ་གྱི་ཤར་སྒོ་དེ་སྡེ་དགེ་རྫོང་མ་ཎི་གད་མགོ་ཤང་ནས་སྐྲུན་འགོ་ཚུགས་ཡོད་ཅིང་། 2014ལོའི་ཟླ་བ9པ་ནས་ཀྲུང་གོའི་ལྕགས་ལམ་ཅུས་དང་པོའི་སྤྱི་གཉེར་ཁང་བཞི་པས་སྐྲུན་འགན་འཁུར་བའི་རྒྱལ་ལམ317པའི་ལམ་རྒྱུད་ཀྱི་ཁྲོ་ལའི་ཕུག་ལམ་གཙོ་བོ་སྨི1720སྔོག་འདོན་བྱས་པ་དང་ལས་ཡུན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད། 2015ལོའི་ཟླ་བ12པའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་ཁྲོ་ལའི་ནུབ་ཕྱོགས་ཀྱི་ཕུག་སྒོའི་གཙོ་ལམ་སྔོག་འདོན་བྱས་ནས་ནུབ་ཕྱོགས་ཀྱི་ཕུག་ལམ་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད། 2016ལོའི་ཟླ་བ11པའི་ཚེས10ཉིན་གྱི་སྔ་དྲོར་ཁྲོ་ལའི་ཕུག་ལམ་དངོས་སུ་ཕུག་མཇུག་བསྒྲིལ་བ་རེད།

  དེ་རིང་ནས་བཟུང་ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་རེད། སྔ་དྲོའི་ཆུ་ཚོད10དང་སྐར་མ30ཐོགxxxའགོ་ཁྲིད་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཙོ་བོའི་འགན་འཁུར་པ། ཨར་ལས་ཚན་པའི་འཐུས་མི། མང་ཚོགས་ཀྱི་འཐུས་མི་སོགས་ཡུལ་དངོས་སུ་མཉམ་འཛོམས་བྱས་པ་དང་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་ཤོས་ཀྱི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ལ་ཉེ་བ་རེད། དུས་དེ་ནས་བཟུང་ཆུ་ཚོད་གཉིས་ལྷག་རིང་ཉེན་ཚབས་ཆེ་བའི་གཡང་གཟར་གྱི་རི་ལམ་བརྒྱུད་ནས་འགྲོ་དགོས་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་ལོ།།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།

  ཁོད་སྙོམས་པའི་གཞུང་ལམ་རིང་མོ་དཀར་མཛེས་ཀྱི་རི་ལུང་དུ་གཡུ་འབྲུག་སྔོན་མོ་ས་ལ་རྒྱུ་བ་དང་ཀུན་ནས་མཚུངས་ཤིང་། ཟམ་མི་ཆད་པར་གཞུང་ལམ་རེ་རེ་དཀར་མཛེས་ཀྱི་ཕང་བར་བསྲིངས་མཐར་ཁམས་ཀྱི་མི་སེར་རྣམས་ཀྱི་བློ་ཁོག་ཡངས་སུ་བསྐྱེད་པ་དང་། ནམ་མཁའ་སྔོ་ཞིང་དྭངས་བ་དང་ས་གཞི་ཡངས་ཤིང་ལམ་ཆེན་གནམ་འོག་ལ་བརྐྱངས་ཡོད་པས་མཛེས་སྡུག་གི་དཀར་མཛེས་འཛམ་གླིང་གི་པང་དུ་འཁྱུད་ཡོད་ཅིང་། གནས་མཆོག་གི་དཀར་མཛེས་ནི་འཕུར་རྩལ་ལྡན་པའི་བྱ་རྒོད་ཅིག་དང་འདྲ་བར་ཡངས་ཤིང་རྒྱ་ཆེ་བའི་མེས་རྒྱལ་གྱི་མཁའ་དབྱིངས་སུ་འཕུར་ལྡིང་ཐུབ་ངེས་རེད།


  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་།
  • ལེ་ཚན་རྗེས་མ།:འགྲིམ་འགྲུལ་འགག་གསུམ་དུས་ཅིག་ཅར་དུ་བསྒྲལ།
  • དོ་སྣང་ཆེ་བའི་རྩོམ།