ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

མཁས་གྲུབ་ཀྱིས་བྲིས།        2020-09-09

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་དུས་སྟོན་གཟབ་རྒྱས་ཤིག་གི་གྲ་སྒྲིག་བྱེད་པའི་ཟུར་བྲིས།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།


   ད་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བ་ཡིན་ཞིང་། ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོ་དང་སྡེ་ཚན་ཁག་གིས་རྟེན་འབྲེལ་གྱི་དུས་སྟོན་གཟབ་རྒྱས་ཤིག་འཚོག་པར་བྲེལ་དང་བྲེལ་བཞིན་ཡོད་ཅིང་། རྟེན་འབྲེལ་གྱི་ཚོགས་ཆེན་དེ་འདི་ཟླའི་ཟླ་དཀྱིལ་ནས་སྤེལ་འཆར་ཡིན་ལ། རྟེན་འབྲེལ་ཚོགས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་གྲ་སྒྲིག་ལས་ཀ་དང་། “གནས་མཆོག་དཀར་མཛེས། དུས་རབས་གསར་པའི་ཕུགས་འདུན་སྐྲུན”ཞེས་པས་གཙོ་དོན་བྱས་པའི་ལུས་རྩལ་ཐང་ཆེན་སྟེང་གི་རིག་རྩལ་འཁྲབ་སྟོན་ཆེ་གྲས་ཀྱི་འཁྲབ་སྦྱོང་ལས་ཀ་དག་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

   དེ་ཡང་འཁྲབ་ཁྲིད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆར་དཔལ་ཡུལ་དང་སྡེ་རོང་། སེར་ཤུལ། རོང་བྲག  ཉག་ཆུ། རྟའུ། འབའ་ཐང་བཅས་རྫོང་ཁག་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཞིང་ཆེན་བོད་ཡིག་སློབ་གྲྭ། དར་རྩེ་མདོའི་སློབ་གྲྭ་ཁག་གི་འཁྲབ་སྟོན་པ་བཅས་ཚང་མ་དར་མདོར་འབྱོར་ནས་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་མཉམ་པོར་འཁྲབ་སྦྱོང་བྱེད་ཀྱི་ཡོད་པ་རེད། གསར་འགོད་པ་དར་མདོ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་འབྱོར་མ་ཐག་རྫོང་ཁག་དང་སློབ་གྲྭ་སོ་སོ་ནས་ཡོང་བའི་འཁྲབ་སྟོན་པ་རྣམས་ཀྱིས་རིག་རྩལ་འཁྲབ་སྟོན་གྱི་འཁྲབ་སྦྱོང་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་གིས་ཁེངས་བཞིན་ཡོད་པ་མཐོང་བྱུང་།“གནས་མཆོག་དཀར་མཛེས། དུས་རབས་གསར་པའི་ཕུགས་འདུན་སྐྲུན”ཞེས་པས་གཙོ་དོན་བྱས་པའི་ལུས་རྩལ་ཐང་ཆེན་སྟེང་གི་རིག་རྩལ་འཁྲབ་སྟོན་ཆེ་གྲས་དེ་ནི་རང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་གི་གཙོ་བོ་ཞིག་ཡིན་ལ། འཁྲབ་སྟོན་པ་ཆེས་མང་བ་དང་ལས་ཀའི་བླང་བྱ་དམ་ཞིང་ལས་འགན་ཧ་ཅང་ལྕི་བ་ཞིག་ཡིན། དེས་ན་རང་ཁུལ་གྱི་ཁུལ་བཙུགས་དུས་སྟོན་གྱི་རིག་རྩལ་འཁྲབ་སྟོན་དེ་ཚད་གཞི་མཐོ་ཞིང་སྤུས་ཚད་ཡག་པོའི་ངང་ལེགས་འགྲུབ་ཡོང་བའི་ཆེད་དུ། མིག་སྔར་འཁྲབ་སྦྱོང་གི་ལས་ཀ་ཧྲིལ་པོ་མཉམ་སྒྲིག་ལེ་ཚན་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

   འཁྲབ་སྦྱོང་གི་བར་གསེང་དུ། ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་རིག་རྩལ་འཁྲབ་སྟོན་ཆེ་གྲས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་དབྱང་དབྱིང་གིས་མགོ་ཚུགས་མཛད་སྒོའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ཆེ་གྲས་དེ་སྔོན་འགྲོའི་འཁྲབ་ཚན《ཤར་ནས་ཉི་མ་འཆར》ཞེས་པ་དང་། ལེ་ཚན་དང་པོ《འཕོ་འགྱུར་གྱི་བར་དཔང་》ལེ་ཚན་གཉིས་པ《གངས་ལྗོངས་ཀྱི་ཕུགས་འདུན་སྐྲུན།》ལེ་ཚན་གསུམ་པ《གཤོག་པ་བརྐྱངས་ནས་འཕུར་བ》དང་། གཙོ་དོན་གླུ་དབྱངས《དུས་རབས་གསར་པའི་དཀར་མཛེས་གསར་པ》དང་《མེས་རྒྱལ་ལ་བསྟོད་གླུ་ལེན》བཅས་ལེའུ་ལྔ་ལས་གྲུབ་པ་གཏན་འཁེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། དེ་ནི་མཉམ་སྡེབ་གླུ་གར་ཆེ་གྲས་ཀྱི་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་ཡུན་རིང་གི་ལོ་རྒྱུས་ལྡན་པའི་རིག་གནས་དང་ཁུལ་བཙུགས་ཚུན་གྱི་ལས་རིགས་ཁག་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས་ཡོད་ལ། འཁྲབ་སྟོན་གྱི་དུས་ཚོད་སྐར་མ70ཡིན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

རྟའུ་རྫོང་འཁྲབ་སྟོན་རུ་ཁག་གི་འགོ་འཛིན་པས་ད་ལོའི་ལོ་མགོར་རྟའུ་རྫོང་ལ་ཏོག་གསར་གློ་རིམས་བྱུང་བས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། སྤུན་ཟླའི་རྫོང་(གྲོང་ཁྱེར)ཁག་བཅས་ཀྱིས་རོགས་སྐྱོར་ཚད་མེད་གནང་བ་དང་། རྫོང་རང་གི་མི་དམངས་རྣམས་ཀྱིས་མི་བརྒྱ་སེམས་གཅིག་དང་། ཕྱར་བ་གྲུ་འདེགས་བྱས་པར་བརྟེན། མཇུག་མཐར་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་རེད། དེས་ན་ད་ཐེངས་ཀྱི་རྫོང་རང་གིས་གྲ་སྒྲིག་བྱས་པའི་ཁུལ་སྟོན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་མཇུག་ཏུ་འཁྲབ་སྟོན་པ་ཡོངས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་དང་ལྟད་མོ་བ་རྣམས་ལ་ལག་པའི་ཐལ་མོ་བྲང་ཁར་སྦྱར་ནས་གུས་འདུད་ཀྱི་སྟངས་སྟབས་ཀྱིས་ཏང་དང་སྲིད་གཞུང་དང་། དེ་བཞིན་སྤུན་ཟླའི་རྫོང(གྲོང་ཁྱེར)ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།
ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

   ཉག་ཆུ་རྫོང་གི་ཁམས་པའི་ཕོ་རྒོད400དར་རྩེ་མདོར་ཡོང་ནས་ཁུལ་བཙུགས་དུས་སྟོན་གྱི་རྟེན་འབྲེལ་བྱེད་སྒོའི་འཁྲབ་སྦྱོང་དང་འཁྲབ་སྟོན་ནང་ཞུགས་པ་རེད། ཉག་ཆུ་ཁ་ནས་ཡོང་བའི་ཁམས་པའི་ཕོ་རྒོད་རྣམས་དར་རྩེ་མདོ་རུ་འབྱོར་མ་ཐག་རང་རང་གི་ཁྱད་ཆོས་ཅན་གྱི་རྣམ་པའི་སྟེང་ནས་ངལ་གསོའི་ཁོམ་ལོང་མེད་པར་འཁྲབ་སྦྱོང་བྱེད་ཀྱི་ཡོད་པ་རེད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

   འབའ་ཐང་རྫོང་གི་འཁྲབ་སྟོན་པ400ལྷག་ཙམ་གྱིས་ཞོགས་སྔ་ལངས་བྱས་ནས་ལུས་རྩལ་ཐང་ཆེན་དུ་འཁྲབ་སྦྱོང་བྱེད་བཞིན་ཡོད་ཅིང་། ཐོད་པ་དང་སྒལ་གཞུང་ན་རྔུལ་ཆུས་བརླན་པ་དང་། ལུས་ལ་རྒྱན་གོས་ཀྱི་མཛེས་འཆོས་སྤྲས་མེད་ལ། ཐང་ཆེན་ན་རྣམ་པར་བཀྲ་བའི་གློག་འོད་ཀྱང་མེད་མོད། འོན་ཀྱང་འཁྲབ་སྟོན་པ་རྣམས་ཀྱིས་འཁྲབ་སྦྱོང་རེ་རེ་ལའང་འཁྲབ་སྟོན་དངོས་ཀྱི་འདུ་ཤེས་འཛིན་བཞིན་དཀའ་སྤྱད་འབད་བརྩོན་དང་གཟབ་ནན་གྱིས་སྦྱོང་བརྡར་བྱེད་བཞིན་ཡོད་པ་སྟེ། ཞབས་བྲོ་དང་རྒྱུག་མཆོང་སོགས་ཀྱི་སྟངས་སྟབས་དང་། ལག་པ་གཡུག་ལུགས་དང་རྐང་པའི་མཆོང་ལྡིང་རེ་རེ་བཞིན་སྦྱོང་བརྡར་ཐེངས་མང་བྱེད་བཞིན་ཡོད་པ་དང་། འཁྲབ་སྟོན་བྱ་ཡུལ་དུ་འཁྲབ་ཁྲིད་དགེ་རྒན་གྱིས་འཁྲབ་སྟོན་པའི་རྐང་ལག་གི་སྟངས་སྟབས་དང་རྣམ་འགྱུར་ལ་ལྟ་ཞིབ་ནན་ཏན་བྱེད་ཅིང་། འཁྲབ་སྟོན་གྱི་ནང་དོན་རེ་རེ་བཞིན་ཞིབ་ཕྲའི་ངང་ནས་འཁྲབ་ཁྲིད་བྱེད་བཞིན་འདུག

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

   ཁུལ་བཙུགས་ནས་ལོ70འཁོར་བའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་དུ་ང་ཚོ་དཔལ་ཡུལ་གྱི་འཁྲབ་སྟོན་པ400ལྷག་ཙམ་གྱིས་འཁྲབ་སྟོན་གྱི་ཉམས་འགྱུར་ཡག་པོ་ཞིག་ཁུལ་ཡོངས་ཀྱི་མི་དམངས་རྣམས་ལ་མངོན་པར་བྱ་རྒྱུའི་རེ་བ་ཡོད་ཅེས་དཔལ་ཡུལ་ནས་ཡོང་བའི་འཁྲབ་སྟོན་པ་ཞིག་གིས་གསར་འགོད་པར་དེ་ལྟར་བཤད། ད་ཐེངས་ཁུལ་བཙུགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་ཞུགས་ཆེད་དཔལ་ཡུལ་རྫོང་གི་འཁྲབ་སྟོན་པ400ལྷག་ཙམ་གྱིས་དཔལ་ཡུལ་རྫོང་དུ་ཟླ་བ་གཅིག་ཙམ་ལ་འཁྲབ་སྦྱོང་བྱས་པ་དང་། དར་མདོར་སླེབས་ནས་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་འཁྲབ་སྦྱོང་བྱེད་རིང་འཁྲབ་སྟོན་མི་སྣའི་སྟངས་སྟབས་དང་རུ་དབྱིབས་ལེགས་སྒྲིག་སོགས་ལ་ད་དུང་ལེགས་བཅོས་བྱེད་བཞིན་ཡོད་ཅེས་འཁྲབ་ཁྲིད་དགེ་རྒན་གྱིས་དེ་ལྟར་བཤད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།
ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

   རོང་བྲག་རྫོང་གི་འཁྲབ་སྟོན་པ400དར་མདོར་ཡོང་སྟེ་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་འཁྲབ་སྦྱོང་ནང་ཞུགས་ཤིང་། ཁུལ་ཨུས“འཐབ་ཇུས་ཆེན་པོ་དྲུག”དང“གསུམ་འཛུགས་མཉམ་འགུལ”ལག་བསྟར་བྱས་པ་ལས་ཐོབ་པའི་གྲུབ་འབྲས་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སོགས་ཀྱི་ནང་དོན་ངོ་མཚར་ཆེ་བའི་གླུ་གར་འཁྲབ་རྩལ་སོགས་ཀྱི་རྣམ་པས་མངོན་པར་བྱ་རྒྱུ་རེད།

   སྤྱི་ཁྱབ་འཁྲབ་ཁྲིད་པ་དབྱང་དབྱིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་སྟོན་སྐབས་ད་དུང་རང་ཁུལ་གྱི་གླུ་པ་གྲགས་ཅན་ཡ་དུང་དང་གླུ་མ་གྲགས་ཅན་ཚེ་དབང་ལྷ་མོ་སོགས་གདན་ཞུ་བྱ་རྒྱུ་ཡིན་ལ། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་གསོལ་སྟོན་ཆེན་མོ་ཞིག་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།
ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།

ཡུལ་དངོས་ཀྱི་འཁྲབ་སྦྱོང་ཁྲོད་འཁྲབ་སྟོན་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཅིང་། འཁྲབ་ཁྲིད་དགེ་རྒན་གྱིས་འཁྲབ་སྟོན་པ་རྣམས་ཀྱི་རྣམ་འགྱུར་དང་སྟངས་སྟབས། གྲལ་བསྟར་གྱི་ལངས་ཕྱོགས་སོགས་ལ་ཞིབ་ཕྲའི་སྒོ་ནས་མཛུབ་སྟོན་བྱས་ཏེ། ཁུལ་ཕྱི་ནང་གི་ལྟད་མོ་བ་ཡོངས་ལ་དཀར་མཛེས་ཁུལ་བཙུགས་ནས་ལོ70ཡི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་འཁྲབ་སྟོན་གྱི་ལེ་ཚན་ངོ་མཚར་ཆེ་བ་ཞིག་འབུལ་བར་བརྩོན་བཞིན་མཆིས་སོ།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།
  • དོ་སྣང་ཆེ་བའི་རྩོམ།