ལིའུ་ཁྲེང་མིང་གིས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་དུ་འབྲེལ་ཡོད་ལས་དོན་འབྲེལ་མཐུད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-09-09

སྤྱི་ཟླ9པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོ་ཆུང་སྣེ་ཁྲིད་གནང་ནས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་དུ་ཕྱིན་ནས་ལས་དོན་སྦྲེལ་མཐུད་གནང་བ་རེད། ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའུའི་ཧྲུའུ་ཅི། ཀྲུའུ་རེན་ཀྲེང་པེ་ཡིས་བཞུགས་མོལ་ཚོགས་འདུའི་གཙོ་འགན་བཞེས་ཤིང་། ཕྱོགས་གཉིས་པོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྔར་བས་སྐུལ་འདེད་གཏང་རྒྱུའི་ཐད་བཞུགས་མོལ་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་། ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཁྲེན་ཁའེ་དང་། ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ། ཞིང་ཆེན་ནུས་ཁོངས་ཅུས་ཀྱི་ཅུས་ཀྲང་ལིའང་ཝུའུ་ཧུའུ་བཅས་བཞུགས་མོལ་ནང་ཞུགས་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ལིའུ་ཁྲེང་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ནང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་པོ་བཟོས་ཡོད། ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་བཀོད་སྒྲིག་བྱས་ནས་ང་ཚོས་དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་རང་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ནས་འཆར་འགོད་ཀྱི་ཁྲིད་སྟོན་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏང་དགོས་པར་མ་ཟད། ད་དུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་མུ་མཐུད་དེ་སེམས་ཁུར་དང་རྒྱབ་སྐྱོར་བྱ་རོགས་ཞེས་ཐུགས་རེ་གནང་བ་རེད།

ཀྲེང་པེ་ཡིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་ནས་བཟུང་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།  ཁོང་གིས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དཀར་མཛེས་ཁུལ་གྱི་དམངས་འཚོ་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏང་རྒྱུ་ཡིན་པ་དང་དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཁྲིད་སྟོན་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་རྒྱུར་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:གསར་འགྱུར་འདི་དགེ་རྒན་དུས་ཆེན་ལ་ལེགས་སྐྱེས་སུ་ཕུལ།
  • ལེ་ཚན་རྗེས་མ།:ཁྲོན་པ་ཞིག་གི་གཏམ་རྒྱུད་ལས་སྡེ་རོང་ཉི་མ་ལུང་པའི་གྲོང་སྡེའི་འཐུང་ཆུ་དཀོན་པའི་ལོ་རྒྱུས་འཕོ་འགྱུར་མངོན།
  • དོ་སྣང་ཆེ་བའི་རྩོམ།