ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།

ལྷ་འཛོམས་དང་བཅས་པས་བསྒྱུར།        2020-09-07

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཚོགས་ཆེན་གྱི་ཚོགས་ར།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པ།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གྲོས་ཚོགས་ཐོག་གསུང་བཤད་གནང་།

ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་བློ་བརྟན་འགྱུར་མེད་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཤིང་། ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་གནང་བའི་ལས་དོན་སྙན་ཞུར་ཉན་འཇོག་དང་གྲོས་བསྡུར་བྱས་ཡོད་ལ། ད་ལོའི་ཟླ་བ་རྗེས་མ་འགའི་རིང་གི་ལས་ཀར་བཀོད་སྒྲིག་བྱས་ཤིང་། གྲོང་ཁོངས་བཅོས་སྐྱོང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྐོར་ཆེད་དོན་བཅོས་སྐྱོང་བྱ་རྒྱུར་དམིགས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།

(སྤྱི་ཟླ9ཚེས2ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ།)

2020ལོའི་ཟླ9ཚེས2ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་མགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་དར་མདོ་རུ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན52དང་རྗེས་སྣོན་ཁུལ་ཨུའི་ཨུ་ཡོན5ཡོད་པ་དང་། ཁུལ་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ཨུ། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་ཁག་གཅིག་ཀྱང་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་བཞེས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཏམ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་བློ་བརྟན་འགྱུར་མེད་ཀྱིས་བཟུང་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཤིང་། ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་གནང་བའི་ལས་དོན་སྙན་ཞུར་ཉན་འཇོག་དང་གྲོས་བསྡུར་བྱས་ཡོད་ལ། ད་ལོའི་ཟླ་བ་རྗེས་མ་འགའི་རིང་གི་ལས་ཀར་བཀོད་སྒྲིག་བྱས་ཤིང་། གྲོང་ཁོངས་བཅོས་སྐྱོང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྐོར་ཆེད་དོན་བཅོས་སྐྱོང་བྱ་རྒྱུར་དམིགས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཚུན་གྱི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀ་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཚང་མས་ངོས་འཛིན་གཅིག་མཐུན་བྱུང་དོན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་བློ་བརྟན་འགྱུར་མེད་ཀྱིས་བཟུང་ཞིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དཀར་མཛེས་ཁུལ་དུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། ཁུལ་ཨུའི“དམིགས་འབེན་གཅིག་ལ་དམིགས་པ་དང་། འགག་རྩ་གཉིས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དོན་ཆེན་གསུམ་དམ་འཛིན་ཡག་པོ་བྱེད་པ། ཞན་ཆ་ཆེན་པོ་བཞི་ཁ་གསབ་པ། རྨང་གཞི་ཆེན་པོ་ལྔ་བརྟན་དུ་གཏོང་བ། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱེད་པ”བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་སྟེ། གཅིག་གྱུར་འཆར་འགོད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར(ཁུལ)ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་བཅས“གསུམ་འཛུགས་མཉམ་འགུལ”བསྐྲུན་པར་སྐུལ་འདེད་བཏང་ཞིང་། ཐོལ་དུ་བྱུང་བའི་ཏོག་གསར་གློ་རིམས་ཀྱི་མདུན་དུ་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་ཡོད། དཔལ་འབྱོར་འཕེལ་ཤུགས་ཆུང་དུ་སོང་བའི་མདུན་དུ་ཉེན་ཁ་གོ་སྐབས་སུ་བསྒྱུར་ནས་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། དམངས་འཚོའི་གནོན་ཤུགས་ཀྱི་མདུན་དུ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་མཚོན་རྟགས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། མངོན་མེད་རྐྱེན་ངན་གྱི་མདུན་དུ་ཁྲིམས་ལྟར་ཁུལ་སྐྱོང་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་གནས་བབ་གསར་པ་བརྟན་དུ་བཏང་ཡོད། འགྲན་སློང་དང་གོ་སྐབས་མདུན་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཡོད། ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྟོན་ཆེན་མོར་དམངས་སེམས་གཅིག་ཏུ་བསྒྲིལ་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡིན་པ་འགན་ལེན་བྱས་ཡོད། ཉམས་སད་ཆེན་པོར་འཕྲད་སྐབས་ཏང་ནན་པོས་བསྐྱངས་ཏེ་ཏང་གི་དཀར་མཛེས་ཁུལ་དུ་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་ཕྱིན་ཡོད། དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་པས་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་ཐུབ་ནས་ཁུལ་ཡོངས་སུ་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡིན་པ། ལས་བྱེད་པ་དང་མང་ཚོགས་འབད་འབུངས་ཡར་བརྩོན་ཡིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཞི་བཙུགས་ནས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ཏེ་སྐོང་ཚོགས་བྱས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། “འགན་ལེན་བཞི”དང“ངེས་པར་དུ་བྱ་དགོས་པ་བཅུ”བཏོན་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ལྗོངས་ལས་དོན་གྱི་དམིགས་འབེན་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་བྱས་པ་རེད། དུས་རབས་གསར་པའི་བོད་ལྗོངས་དང་བོད་དང་འབྲེལ་བའི་ས་ཁུལ་གྱི་ལས་དོན་ལ“ཇི་ལྟར་ལྟ་བ”དང“ཇི་ལྟར་བྱེད་པ” “ཇི་ལྟར་སྒྲུབ་པ”སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ཡོད་པར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་དང་བོད་དང་འབྲེལ་བའི་ས་ཁུལ་གྱི་ལས་དོན་ལ་མཐོང་ཆེན་ཆེན་པོ་གནང་བ་དང་། བོད་ལྗོངས་དང་བོད་དང་འབྲེལ་བའི་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོར་བཞེས་པ། བོད་ལྗོངས་དང་བོད་དང་འབྲེལ་བའི་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འཆར་རིས་འབྲི་བའི་ཐུགས་རེ་ཆེན་པོ་བཅངས་པ་བཅས་མཚོན་ཡོད་ལ། ང་ཚོས་དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

 ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྱོན་ཡོངས་དང་རིམ་པ་མང་བའི་སྒོ་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་དམ་འཛིན་བྱ་དགོས། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བོད་ལྗོངས་ལས་དོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཚོགས་འདུའི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་བསྒྱུར་བ་དང་འཐབ་ཇུས་བཀོད་སྒྲིག་དེ་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་ལ་བསྒྱུར་ནས། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་གང་མགྱོགས་བསྐྲུན་དགོས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆར་འགོད་དང་སྐུ་དངོས་ཀྱིས་བཀོད་སྒྲིགསྐུ་དངོས་ཀྱིས་སྐུལ་འདེད་གནང་བའི་རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཤིག་ཡིན་པ་རེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ཟབ་མོ་བྱས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཆོད་དོན》གཏན་འཁེལ་བྱས་ཤིང་། དེའི་འཐབ་ཇུས་འཐེན་ཤུགས་དང་སྲིད་ཇུས་སྐུལ་འདེད་གཏོང་ཤུགས། འཕེལ་རྒྱས་འདེགས་སྐྱོར་བྱེད་ཤུགས་ནི་སྔ་ཡོད་མ་མྱོང་བ་ཞིག་ཡིན་པར་བརྟེན། རྨང་གཞི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བའི་བཀོད་སྒྲིག་གསར་པ་དང་ས་ཁོངས་མཐུན་སྦྱོར་འཛུགས་སྐྱོང་བྱེད་པའི་ཆགས་ཚུལ་གསར་པ། དེང་རབས་ཐོན་ལས་འཛུགས་སྐྱོང་བྱེད་པའི་མ་ལག་གསར་པ། གསར་གཏོད་ཀྱི་སྒུལ་ཤུགས་གསོ་སྐྱོང་བྱེད་པའི་དགེ་མཚན་གསར་པ། ཁྱོན་ཡོངས་ནས་སྒོ་འབྱེད་གྲུབ་པའི་གནས་བབ་གསར་པ། འབྱུང་འཕྲོད་འཕེལ་རྒྱས་སུ་སྐྱོད་པའི་དུས་རིམ་གསར་པ་བཅས་ཡོང་བར་ཕན་ཐོགས་ཡོད་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་མཐའ་གཅིག་ཏུ་ལངས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་འདིའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་པ་དང་ཆབས་ཅིག ཞིང་ཆེན་ཏང་ཨུའི་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཚད་འབེབས་དང་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ཏེ་ཁྱོན་ཡོངས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱེད་པར་ཞབས་ཕྱི་བསྒྲུབས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ནུབ་རྒྱབ་ཀྱི་ལྡུམ་ཁུལ་འཛུགས་སྐྱོང་ཡག་པོ་བྱས་ཤིང་། ནུས་ཤུགས་ཡོད་རྒུས་སྒོ་འབྱེད་མཉམ་ལས་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ་དཀར་མཛེས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་གྲུབ་འབྲས་དངོས་འཐོབ་པར་སྐུལ་འདེད་གཏོང་བ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བར་དཀར་མཛེས་ཁུལ་གྱིས་གཞག་དགོས་ངེས་ཀྱི་བྱས་རྗེས་དེ་གཞག་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མིག་སྔར་ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་བབ་འགོག་ཟོན་བྱས་པར་གལ་ཆེའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་བསྐྱར་དར་ཡག་ཕྱོགས་སུ་འགྲོ་བའི་གནས་བབ་མངོན་གསལ་དོད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དེ་བརྟན་བརླིང་ཡིན་མོད། འོན་ཀྱང་ཉེན་ཁ་དང་འགྲན་སློང་ནི་སྔར་བཞིན་ཛ་དྲག་ཆེན་པོ་ཡིན་ལ། རིམས་བབ་གྱི་གནོད་འཚེ་སྔར་བྱུང་མ་མྱོང་ཞིང་། དཔལ་འབྱོར་འཕེལ་རྒྱས་དཀའ་ཚེགས་ཆེན་པོ་ཡིན་ལ་། སྐྱེ་ཁམས་ཁོར་ཡུག་གི་ཞན་ཆ་ཆེ་ཞིང་ཕོག་ཐུག་འགྲོ་སླ་བ། གཞི་རིམ་གྱི་རྨང་གཞིའི་ཞན་ཆ་དམིགས་སུ་ཐོན་པ་བཅས་ལ་ངོས་འཛིན་གསལ་པོ་བྱ་དགོས། རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་ཟོན་བྱས་པའི་ཆ་རྐྱེན་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་ཀ་སོ་སོ་དམ་འཛིན་ཡག་པོ་བྱ་དགོས། རིམས་བབ་འགོག་ཟོན་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས། གནས་བབ་བརྟན་བརླིང་། མ་འཇོག་རྒྱ་སྐྱེད། འདེགས་སྐྱོར་སྟོབས་ལྡན། འཛད་སྤྱོད་ལ་སྐུལ་སྤེལ་གཏང་རྒྱུ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཐུབ་པ་བྱ་དགོས། “འཐབ་ཇུས་ཆེན་པོ་དྲུག”ལག་ལེན་ཟབ་མོ་བྱས་ནས་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་ལ་བསྡུར་ནས་ཧེ་བག་འཚོལ་བ་དང་གནད་དོན་ཞིབ་བཤེར། ཞན་ཆ་གསབ་སྣོན་བཅས་བྱས་ཏེ་རྒྱུན་ཆད་མེད་པར་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་གཏང་དགོས། “གསར་འཛུགས་གསུམ་མཉམ་འགུལ་ཡོང་བ”ལ་སྐུལ་འདེད་གཏང་རྒྱུའི་གཅིག་གྱུར་འཆར་འགོད་དང་མཉམ་འགུལ་ཤུགས་འདོན་བྱ་རྒྱུའི་གཅིག་གྱུར་འཆར་འགོད། ཞན་ཆ་གསབ་སྣོན་གནད་དུ་སྨིན་པ། ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྱོང་བཅས་བྱས་ནས་རྒྱུན་མཐུད་དེ་ཕན་ཡུན་རིང་བའི་ལས་དོན་གྱི་རྒྱུན་རྣམ་འཛུགས་སྐྱོང་བྱ་དགོས། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་ལས་ཆོད་དང་ཆུ་ཚད་མཐོར་འདེགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ངར་སློང་གང་ལེགས་བྱ་དགོས། ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས་བསམ་བློའི་ངོས་འཛིན་དང་མངོན་མེད་གནད་དོན། སྒྲིག་སྲོལ་ནང་རྐྱེན། མི་དང་རྒྱུ་ཆས། དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ཐོག་གནད་བསྡུས་བྱས་ནས་ཆེད་དོན་བཅོས་སྐྱོང་དམ་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག མ་ལག་མཉམ་བཅོས་བྱེད་པར་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྱོང་བྱས་ནས་དཔེ་བཞག་རིགས་འགྲེ་བྱས་ཏེ་ཉེན་མེད་ཉེན་འགོག་དང་འགོག་ཟོན་གྱི་ལས་ཀ་སོ་སོ་གཏིང་ཟབ་ལ་ཞིབ་ཚགས་སྒྲུབ་པར་བརྒྱུད། མེ་སྐྱོན་བྱུང་བར་འགོག་ཟོན་བྱེད་གང་ཐུབ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་མང་ཚོགས་དང་མེ་གསོད་མཁན་གྱི་ཚེ་སྲོག་ཉེན་མེད་ཡོང་བར་འགན་སྲུང་བྱས་པ་དང་། སེམས་ཐག་གཙང་བཅད་ཀྱིས་ཉེན་ཁའི་ཆག་སྒོ་ཚབས་ཆེན་བྱུང་བར་འགོག་ཟོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྗེས་ཀྱི་ལོ་ལྔའི་འཆར་གཞི་དང་པོ་ཡིན་ལ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་བྱེད་མགོ་ཚུགས་པའི་རྒྱང་སྐྱོད་གསར་པའི་ལོ་ལྔའི་འཆར་གཞི་དང་པོའང་ཡིན་པ་རེད། མིག་རྒྱང་རིང་བ་དང་སྤྱི་ཡོངས་ལ་གདེང་ཚོད་ཡོད་པ། དམིགས་ཚད་མཐོ་ལ་སྤུས་ཀ་ཡག་པོ་བཅས་རྒྱུན་འཁྱོངས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྒྲིག་གཞི་ལས་དོན་སོ་སོ་ཡག་པོ་བསྒྲུབས་མཐར། རང་ཁུལ་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་རྒྱུད་རིམ་ཡོད་པ་འཆར་འགོད་ཡག་པོ་བྱ་དགོས། སྤྱི་ཡོངས་ཀྱི་བསམ་གཞིག་ལ་བརྟེན་ནས་བཀོད་སྒྲིག་བྱེད་ཚུལ་བཟོས་ནས“མིག་མངས་འགྲིག་སྐོར་གཅིག“ལྟ་བུའི་བསམ་བློ་བརྟན་པོ་བཅངས་ཏེ། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་ཀྱི་ཚད་དཔོག་ལ་གཞིགས་ནས་ཁྲོན་བོད་ལྕགས་ལམ་སྐྲུན་པའི་གོ་སྐབས་དམ་འཛིན་བྱེད་པའི་དུས་མཚུངས་སུ། 2035ལོར་གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུའི་འབད་འཐབ་དམིགས་ཡུལ་ལ་སྦྲེལ་མཐུད་གང་ལེགས་བྱ་དགོས། འབྱུང་འཕྲོད་འཕེལ་རྒྱས་དང་བརྟན་བརླིང་སྲུང་སྐྱོང་། དམངས་འཚོ་འགན་སྲུང་། རྨང་གཞིའི་སྒྲིག་བཀོད། གྲོང་ཁོངས་བཅོས་སྐྱོང་། ཡུལ་གྲོང་དར་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་གྱི་རྨང་གཞི་སོགས་ཀྱི་ཐད་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་གང་ཐུབ་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་འཆར་འགོད་དང་སྦྲེལ་མཐུད་བྱ་རྒྱུར་དོ་སྣང་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་འགོད་ཕྱོགས་དང་འཕེལ་རྒྱས་བསྟན་ཕྱོགས། མ་དངུལ་གཏོང་ཕྱོགས་བཅས་ལ་བརྩི་མཐོང་ཆེན་པོ་བྱས་ནས་སྤྱི་ཡོངས་ལ་འབྲེལ་བ། ཤུགས་རྐྱེན་ཟབ་མོ། སྐུལ་ཁྲིད་ཀྱི་ནུས་སྟོབས་ཡོད་པའི་གལ་ཆེའི་ཐོན་ལས། རྨང་གཞི་སྒྲིག་བཀོད་དང་དམངས་འཚོའི་རིགས་ཀྱི་ལས་གཞི་ཚན་པ་གཅིག་འཆར་འགོད་བྱས་མཐར། ཁུལ་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་འདེགས་སྐྱོར་ནུས་ལྡན་དེ་བས་ཡག་པོ་འདོན་སྤྲོད་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་ཁྱེར་དང་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གཞི་འཛིན་ས་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡང་ཡིན་པ་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུའི་བཀོད་སྒྲིག་ལྟར། གཞུང་ཕྱོགས་ཀྱི་ཁོག་གཞི་ཚགས་སྡེབ་བྱེད་པ་དང་། ཁུལ་རིམ་པས་སྤྱི་འདོམས་དང་མཐུན་སྦྱོར་གཙོ་བོར་བྱ་རྒྱུ་དང་། རྫོང་རིམ་པས་སྒྲིག་འཛུགས་ལག་ལེན་གཙོ་བོར་བྱ་རྒྱུ། ཡུལ་ཤོག་དང་གྲོང་རྡལ། ཁྲོམ་ལམ་བཅས་རིམ་པས་རྨང་གཞི་བརྟན་བཟོ་གཙོ་བོར་བྱ་རྒྱུ་བཅས་ཀྱི་སྒོ་ནས་དབང་འགན་གསལ་པོ་ཡིན་པ་དང་གོང་འོག་སྦྲེལ་བ། རིམ་པ་བཞིན་སྐུལ་འདེད་གཏོང་བ་བཅས་ཀྱི་རིམ་པ་གསུམ་གྱི་གཞུང་ཕྱོགས་བཅོས་སྐྱོང་གི་སྒྲོམ་གཞི་ཆགས་པར་བྱ་དགོས། འཕྲེད་ཕྱོགས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཨུས་སྒྲིག་གཞི་ལ་མགོ་ཁྲིད་བྱེད་པའི་ཐད་གཙོ་བོར་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་མཉམ་འདྲེས་ཟབ་མོར་ཡོང་བའི་ཐབས་ལམ་དང་གཞི་སྟེགས་འཚོལ་ཞིབ་བྱ་རྒྱུ་དང་། སྲིད་གཞུང་གིས་སྒྲིག་གཞི་ལ་འགན་ཁུར་བྱེད་པའི་ཐད་གཙོ་བོར་ཆ་འཕྲིན་སྤེལ་རེས་ཐུབ་པ་དང་ཐོན་ཁུངས་མཉམ་སྤྱོད་ཡོང་བ། ལས་དོན་མཉམ་འགུལ་ཐུབ་པ་བཅས་ཀྱི་ནང་སྲོལ་འཐུས་སྒོ་ཚང་དུ་གཏང་རྒྱུ་དང་། སྤྱི་ཚོགས་ཀྱིས་སྒྲིག་གཞི་ལ་མཉམ་ལས་བྱེད་པའི་ཐད་གཙོ་བོར་སྤྱི་ཚོགས་རྩ་འཛུགས་ཀྱི་འཕེལ་རྒྱས་བར་སྟོང་རྒྱ་སྐྱེད་གཏང་དགོས་པ་དང་། སྤྱི་འབངས་ནང་སྲོལ་དུ་ཞུགས་པའི་ཐད་གཙོ་བོར་མང་ཚོགས་ཞུགས་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་ཅན་གྱི་ཐབས་ལམ་འཐུས་སྒོ་ཚང་དུ་བཏང་སྟེ། དངོས་གནས་དྲང་གནས་དམངས་དོན་དམངས་ཀྱིས་གླེང་བ་དང་། དམངས་དོན་དམངས་ཀྱིས་སྒྲུབ་པ། དམངས་དོན་དམངས་ཀྱིས་གཉེར་བ་བཅས་ཡོང་ཐུབ་པ་བྱ་དགོས། བཅོས་སྐྱོང་བྱ་རྒྱུ་ལྔ་མཉམ་འདྲེས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་དང་རང་སྐྱོང་གིས་རྨང་གཞི་བརྟན་པོར་བཟོ་བ། ཁྲིམས་སྐྱོང་གི་འགན་སྲུང་ཐུབ་པ། ཀུན་སྤྱོད་ཀྱི་སློབ་སྐྱོང་ཐེབས་པ། རིག་སྐྱོང་གི་འདེགས་སྐྱོར་ཡོད་པ་བཅས་མངོན་གསལ་དོད་པོར་བྱས་ཏེ། དཀར་མཛེས་ཁུལ་གྱི་གྲོང་ཁྱེར་དང་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་སྟངས་གསར་པ་མགྱོགས་པ་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་འཛུགས་སྐྱོང་ནི་ལས་དོན་ཐམས་ཅད་ཡག་པོ་སྒྲུབ་ཐུབ་པའི་རྩ་བའི་འགན་སྲུང་ཡིན། ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་མི་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོའི་གྲུབ་འབྲས་ཟབ་སྤེལ་བཏང་ནས། རིམ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་ཚོ་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་དེ་དཀའ་ཉེན་དང་ཉམས་སད་ལ་ཁ་གཏད་འཇལ་བ་དང་། དཀའ་ངལ་དང་འགྲན་སློང་ལས་རྒྱལ་ཁ་འཐོབ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆབ་སྲིད་ཀྱི་ནུས་ཤུགས་སྲ་ཞིང་བརྟན་པ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱ་དགོས། ལས་དོན་དངོས་སྒྲུབ་བྱེད་པའི་ཁྲིད་ཕྱོགས་གསལ་པོར་བཟོ་དགོས་པ་དང་། དུས་ཐོག་ཏུ་ལས་དོན་སྒྲུབ་མོས་པ་དང་ལས་དོན་དངོས་སུ་སྒྲུབ་པ། ལས་དོན་བསྒྲུབས་ནས་འགྲུབ་ཐུབ་པའི་ལས་བྱེད་པ་རྙེད་ཐུབ་པ་དང་བསྐོ་སྤྱོད་བྱ་དགོས། གསོ་སྦྱོང་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། རྒྱ་ཆེ་བའི་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་དང་རིགས་གཞུང་གི་ཆུ་ཚད། ཆེད་ལས་ཀྱི་འཇོན་ནུས། ལག་ལེན་གྱི་འཇོན་ནུས་བཅས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་འབྲང་ཐུབ་པར་སྐུལ་འདེད་གཏང་དགོས། གཞི་རིམ་གྱི་རྩ་འཛུགས་སྟོབས་དང་ལྡན་པ་འཛུགས་དགོས་པ་སྟེ། དེ་ཉིད་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་གི་ཕར་རྒོལ་གྱི་རྟེན་གཞི་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཀྱི་སྣེ་ཁྲིད་པ་བཅས་ཆགས་སུ་འཇུག་དགོས། དམ་བསྒྲགས་རྣམ་པས་རྔན་ཟ་རུལ་སུངས་ལ་ཆད་གཅོད་དང་བཅོས་སྐྱོང་བྱ་དགོས་སྟེ། སྲོལ་གཙང་ལུགས་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་དེ་སྲ་བརྟན་དུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་་དོན། ཏོག་གསར་གློ་རིམས་ཀྱི་རིམས་བབ་ད་དུང་འཛམ་གླིང་དུ་མཆེད་བཞིན་ཡོད་ཅིང་། དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཤུགས་དེ་ཧ་ཅང་ཆེ་བ་སྔོན་དཔག་ལས་བརྒལ་ཡོད་པ་རེད། དེའི་ཐོག་ལ་རང་རེ་རིམས་བབ་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གནད་འགག་གི་དུས་རིམ་དང་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཇུག་མཐའི་གདོང་མཆོང་གི་དུས་རིམ། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཉམས་གསོ་གོང་འཕེལ་གྱི་དུས་རིམ་བཅས་ལ་སླེབས་སྒང་ཡིན་པས། ད་དུང་གཏོར་དགོས་པའི་ཐེམ་གཟར་དང་བཙན་རྫོང་། འགག་སྒོ་མང་པོ་ཡོད་པ་རེད། རིམ་ཁག་གི་ཏང་མི་ལས་བྱེད་པ་དང་ལྷག་པར་མགོ་ཁྲིད་ལས་བྱེད་པས་ཁེ་དང་གྲགས་པས་མིག་ཟུང་སྒྲིབ་པར་མི་སྐྲག་ཅེས་པ་དང་། དཔོན་པོ་བྱ་བར་བྱོལ་ན་ངོ་ཚའི་གནས་ཞེས་པ་དང་། སྒེར་སེམས་མེད་ན་གནམ་ས་ཡངས་བཅས་པའི་སྙན་ཚིག་སེམས་ལ་བཅང་ཞིང་། བོད་ལྗོངས་ཀྱི་གསར་བརྗེ་མི་སྣ་རྒས་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དབྱང་དབུགས་ཀྱིས་མི་འདང་ཡང་སྙིང་སྟོབས་ཀྱིས་ཡོངས་སུ་ཕྱུག་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་རྒྱག་རྒྱུར་མི་སྐྲག་པ། མཚོ་འཕགས་མཐོ་ཡང་བསམ་པའི་རྟོགས་ཚད་དེ་བས་མཐོ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ལས་དོན་སྒྲུབ་པའི་ཁྲོད་དུ་འཐབ་ཇུས་ཀྱི་གདེང་ཚོད་དང་རྣམ་པར་རྒྱལ་ངེས་པའི་སྤོབས་པ་ཇེ་ཆེར་གཏོང་བ་དང་། འགྱུར་ལྡོག་ལ་དབྱེ་འབྱེད་གནད་སྨིན་བྱེད་ཅིང་། འགྱུར་ལྡོག་ལ་ལུགས་མཐུན་གྱིས་ཁ་གཏད་འཇལ་བ། མ་བསྐུལ་དང་ལེན་གྱིས་འགྱུར་ལྡོག་ཡོང་བར་རེ་སྙེག་བྱེད་པ་བཅས་བྱས་ཏེ་ཉེན་ཁའི་ཁྲོད་དུ་གོ་སྐབས་གསར་པ་སྐྲུན་པ་དང་འཕོ་འགྱུར་གྱི་ཁྲོད་དུ་རྣམ་པ་གསར་པ་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་དགོས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་གཅིག་ཏུ་སྲུང་འཛིན་བྱེད་ཅིང་། འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དོན་འཁྱོལ་བྱ་བསམ་པའི་རང་རྟོགས་དང་དོན་འཁྱོལ་བྱེད་ཕོད་པའི་འགན་འཁྲི། དོན་འཁྱོལ་བྱེད་ཤེས་པའི་ནུས་པ་བཅས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་མཇུག་འགྲན་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། རིམས་བབ་འགོག་ཟོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་འཐོབ་འབྱུང་གང་ཐུབ་བྱས་ནས་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་མགྱོགས་པོར་བྱེད་པར་སྟོབས་ཤུགས་དེ་བས་མང་པོ་འབུལ་དགོས་ཞེས་འབོད་སྐུལ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:སློབ་གྲྭའི་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་ཉེན་མེད་དང་གོ་རིམ་ལྡན་པའི་སྒོས་སློབ་མགོ་བཙུགས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་དགེ་རྒན་དག་ལ་འཚམས་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།