འཕེལ་རྒྱས་གྲུབ་འབྲས་བཟང་པོ་མིག་སྔར་བསྟར།། གཞི་གྲངས་ཐོག་ནས་འགྱུར་ལྡོག་གསར་པ་བཤད།།

ལྷ་འཛོམས་ཀྱིས་བསྒྱུར།        2020-09-04

དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས།

སྤྱི་ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་རབ་དང་རིམ་པའི་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ཐོག“དྲིན་དྲན་ཧུར་སྐྱོད་ཀྱི་དཀར་མཛེས་ཁུལ་གསར་པ། མི་བརྒྱ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཁུལ་འཕེལ་བསྒྱུར་ཨུ་ལྷན་དང་ཁུལ་བསྡོམས་རྩིས་ཅུས། ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས། ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཁུལ་ཁྲལ་དོན་ཅུས། མི་དམངས་དངུལ་ཁང་དཀར་མཛེས་ལྟེ་གནས་ཡན་ལག་དངུལ་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་ཞུ་བྱས་པ་རེད། ལོ་ངོ70རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བརྒྱབ་པ་རེད། ཁུལ་ཨུའི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་ཁུལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་བཙུགས་པའི་དུས་མགོར། དཀར་མཛེས་ཁུལ་དཔལ་འབྱོར་བསྡོམས་འབོར་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་དང་ཕྱོགས་བསྡུས་སྟོབས་ཤུགས་ཧ་ཅང་ཞན་པ་ཡིན་ཞིང་། ལོ་ངོ70རྗེས་ཀྱི་དེང་གི་དུས་འདིར་རྨང་གཞིའི་སྒྲིག་བཀོད་དང་ཁྱད་ལྡན་ཐོན་ལས་ཡིན་ནའང་འདྲ། དམངས་འཚོ་འགན་སྲུང་དང་། སྐྱེ་ཁམས་ཀྱི་གཞི་མདོག སྤྱི་ཚོགས་ཀྱི་བྱ་གཞག་སོགས་ཀྱི་ཐད་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད།

སི་ཁྲོན་ཉིན་རེའི་ཚགས་པར་དང་། སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར། ཁམས་པའི་བརྙན་འཕྲིན། སི་ཁྲོན་གསར་འགྱུར་དྲ་བ། དཀར་མཛེས་ཉིན་རེའི་ཚགས་པར། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས། དར་མདོའི་གྲོང་ཁྱེར་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་སོགས་ཞིང་ཆེན་དང་། ཁུལ་དང་གྲོང་ཁྱེར་བཅས་ཀྱི་གཙོ་རྒྱུན་འཕྲིན་སྦྱོར་མང་པོས་འཕྲིན་སྤེལ་ལ་དོ་ཁུར་བྱས། “ཁྲལ་བསྡུ་དམངས་ལ་ཞབས་ཞུ”དང་། “ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩ་རྨང་གཞི་ཞབས་ཞུའི་འགན་ལེན”“ལོ་ངོ70རིང་ལ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་དུས་མཚམས་གལ་ཆེན་གང་དག་བརྒྱུད་མྱོང་པ་དང་ཁྱད་ཆོས་ཅི་ཡོད”སོགས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེ་ཞིང་གླེང་མང་བའི་གནད་དོན་ཐད་དྲི་བ་བཏོན་པ་རེད། ཡོངས་བསྒྲགས་ཚོགས་འདུའི་བརྗོད་དོན་གཙོ་བོ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བའང་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད། དེའི་རྗེས་ཀྱི་ཉིན་འགའི་ནང་རྗེས་མཐུད་ཀྱི“རྨང་གཞིའི་སྒྲིག་བཀོད་ལེའུ”དང་། “སྤྱི་ཚོགས་བྱ་གཞག་ལེའུ”“དབུལ་སྒྲོལ་འགག་སྒྲོལ་ལེའུ”“ཞི་མཐུན་འཕེལ་རྒྱས་ལེའུ”བཅས་མུ་འབྲེལ་ཡོངས་བསྒྲགས་ཚོགས་འདུ་ཐེངས4རེ་རེ་བཞིན་འཚོག་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི2019ལོ་འཁོར་གྱི་ཡ་རབས་ཞི་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་ཆོས་ལུགས་ལས་རིགས་མི་སྣའི་གཟེངས་བསྟོད་ཚོགས་འདུ་དར་མདོ
  • ལེ་ཚན་རྗེས་མ།:རང་ངོས་ནས་མགོ་བརྩམས་ཏེ་ནགས་སྲུང་མེ་འགོག་ལས་ཀ་སྒྲུབ།
  • དོ་སྣང་ཆེ་བའི་རྩོམ།