འུག་མདའ་ལུང་གྲོང་སྡེས་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས་གྲོང་མི་ཚོས་བདེ་སྐྱིད་འཚོ་བ་རོལ་འགོ་ཚུགས།

        2017-09-18

འུག་མདའ་ལུང་གྲོང་སྡེས་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས་གྲོང་མི་ཚོས་བདེ་སྐྱིད་འཚོ་བ་རོལ་འགོ་ཚུགས།

  ཟླ་བ9པའི་ཚེས12ཉིན་བཅར་འདྲི་ཚོགས་པ་འབའ་ཐང་རྫོང་སོ་བ་ནང་ཤང་འུག་མདའ་ལུང་གྲོང་སྡེ་རུ་བཅར་འདྲི་བྱེད་སར་སོང་སྐབས་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་གྱིས་མདུན་ཕྱོགས་ན་མཛུ་མོས་བཙུགས་ཏེ་ང་ཚོའི་ཁང་པ་འདི་ན་ཡོད་ཅིང་། ཐག་རིང་ལ་འགྲོ་དགོས་ནི་མ་རེད། ནང་ལ་ཤོག   ངེད་རང་གིས་འདེབས་པའི་སེ་འབྲུ་དང་སྟར་ཀ་ཟ་སར་ཤོག་ཅེས་དང་། ཞིང་སྡེ་གསར་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། མི་སེར་མི་དམངས་ཚོའི་སྡོད་ཁང་གི་ཁོར་ཡུག་དང་འཚོ་བའི་ཆུ་ཚད་སོགས་གང་ཅིའི་ཐད་ལ་ལེགས་བཅོས་ཡག་པོ་བྱུང་ཡོད་ཅེས་བཤད་པ་རེད།

  འུག་མདའ་ལུང་གྲོང་སྡེའི་གཞུང་ལམ་དུ་འགྲོ་ཞོར་ཕྱོགས་བཞིར་ལྟ་དུས། འདི་ནའི་རི་ལུང་སྔོ་ཐིང་ཐིང་དུ་གནས་ཞིང་། ཕྱི་དྲོར་ཉི་མའི་འོད་ཟེར་ཚ་བ་དང་སྒོ་ར་དང་ནགས་ཚལ། ཆུ་ཕྲན་སོགས་གང་སར་འཚེར་དུས་མཛེས་སྡུག་ལྡན་པའི་རང་བྱུང་གི་རི་མོ་ཞིག་གསར་འགོད་པའི་མིག་ལམ་དུ་དྲངས་ཡོང་བ་རེད།

  ཐུབ་བསྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་ཆད་བློ་བཟང་ཚང་ནི་རི་འགོར་སྡོད་དུས་ས་ཁང་རྙིང་རལ་ཞིག་མ་གཏོགས་མེད་ལ་རི་མཐོ་གཡང་གཟར་དུ་འཚོ་གནས་བྱེད་དགོས་པའི་རྐྱེན་གྱིས་འཚོ་བ་དང་གང་ཅིའི་ཐད་ལ་སྟབས་བདེ་མེད་པ་དང་། དུས་རྒྱུན་གྱི་འཚོ་བའི་སྤྱོད་ཆུའང་སྤྱི་ལེ་འགའ་རྒྱང་བའི་ལུང་ཁུག་ནས་བོང་བུར་འགེལ་ནས་ཁུར་དགོས་པ་རེད།  2012ལོར། ཧྲོང་ལིའུ་རྫོང་གིས་རོགས་སྐྱོར་འོག་འུག་མདའ་ལུང་གྲོང་སྡེར་གྲོང་པའི་རྣམ་པ་གསར་པའི་ལས་གཞི་དངོས་སུ་ལག་བསྟར་བྱས་མཐར་བློ་བཟང་ཚང་ཡང་ཁང་གསར་དུ་སྤོས་ཐུབ་ཡོད་ཅིང་། དེང་སང་རང་འབབ་གཙང་ཆུ་སྒོ་ཁར་ཁྲིད་ཡོད་ལ་རྒྱ་ཆེ་ཞིང་གཙང་སྦྲ་ལེགས་པའི་སྒོ་ར་གྲུ་བཞི་ཡང་ཡོད་པས་སྔར་དང་བསྡུར་ན་གནམ་ས་བླ་འོག་ལྟ་བུའི་འགྱུར་བ་བྱུང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་།
  • ལེ་ཚན་རྗེས་མ།:སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
  • དོ་སྣང་ཆེ་བའི་རྩོམ།