གསར་གཏོད་དང་རྒྱུན་འཛིན་མཉམ་བཟུང་གིས་ཀུན་སྤྱོད་དང་ཤེས་རིག་གོང་དུ་སྤེལ།

        2017-09-18

གསར་གཏོད་དང་རྒྱུན་འཛིན་མཉམ་བཟུང་གིས་ཀུན་སྤྱོད་དང་ཤེས་རིག་གོང་དུ་སྤེལ།

 གསར་འགོད་པ་རྣམས་བྲག་འགོ་རྫོང་ཤིས་མདོ་སློབ་ཆུང་དུ་བཅར་འདྲིར་སླེབས་ཤིང་།རེས་གཟའ་ཟླ་བའི་ཞོགས་པར་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་།1300ལྷག་གི་དགེ་སློབ་ཡོངས་ཀྱིས་སྐད་གསང་མཐོན་པོས་མཉམ་དུ་རྒྱལ་གླུ་བླངས་ཤིང་རྒྱལ་དར་ལ་གུས་འདུད་ཞུས་རྗེས་ཞོར་དུ་སློབ་གྲྭ་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཞིག་ཀྱང་སྤེལ་བ་རེད།

 སློབ་གྲྭས་ད་དུང་ནམ་རྒྱུན་སྦྱོང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་ནས་སློབ་མའི་ཁྲོད་དུསློབ་སྦྱོང་མིག་དཔེདངཀུན་སྤྱོད་བཟང་པོཡི་དཔྱད་འདེམས་སློབ་སྦྱོང་གི་བྱེད་སྒོ་སྤེལ་ནས་སློབ་མ་རྣམས་ལ་དགེ་མཚན་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་པ་རེད།ལོ་བཅུ་ལྷག་ལ་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་གཉེར་བའི་རྒྱ་ཡིག་དགེ་རྒན་ཁྲེན་ལགས་ཀྱིས་དེང་སང་ཚན་རྩལ་དང་དཔལ་འབྱོར་བཅས་ཕྱོགས་གང་ཐད་ནས་འཕེལ་རྒྱས་མྱུར་བའི་རྐྱེན་གྱིས་སློབ་མ་ཚོར་སློབ་ཁྲིད་ཀྱི་རྒྱུ་ཆས་ཆ་ཚང་བ་དང་།ང་ཚོས་སློབ་ཆས་ཀློག་སྦྱོང་དང་དོན་དངོས་དང་འབྲེལ་ནས་སློབ་ཆས་སྒྲིག་པ་བཅས་སློབ་ཁྲིད་ཀྱི་བྱེད་ཐབས་གསར་པར་བརྟེན་ནས་སློབ་ཁྲིད་བྱས་མཐར།སློབ་མ་རྣམས་ལ་གསོན་ཉམས་དོད་པའི་སློབ་ཁྲིད་བྱ་ཐུབ་ལ་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་སྔར་ལས་ཇེ་བཟང་དུ་ཕྱིན་པ་རེད།མིག་སྔར། བོད་རིགས་ས་ཁུལ་གྱི་སློབ་མ་ཚོས་ཀྱང་ནང་སའི་སློབ་མ་ལྟར་སློབ་གསོའི་སྤུས་བཟང་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད་ཅེས་བཤད།

 ད་ལོའི་དབྱར་གནང་གི་སྐབས་སུ་ཤིས་མདོ་སློབ་ཆུང་གི་སློབ་མ32ཀོང་ཀྲོའུ་ཞེ་ཧོ་སློབ་ཆུང་དང་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་དབྱར་སྒར་བྱ་འགུལ་ཞིག་སྤེལ་བ་སྟེ།ཀོང་ཀྲོའུའི་སློབ་མའི་ཁྱིམ་གྱི་འཚོ་བར་ཉམས་ལེན་བྱས་པ་དང་། ས་གནས་དེ་གའི་དངོས་མང་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་པ།ས་གནས་དེ་གས་གཉེར་བའི་ཚན་རྩལ་གྱི་བྱེད་སྒོར་ཞུགས་པ་བཅས་ཀྱིས་ཤིས་མདོ་སློབ་ཆུང་གི་སློབ་མ་རྣམས་ལ་བློ་རིག་གི་སྒོ་མོ་ཕྱེས་ཤིང་མཐོང་རྒྱ་ཆེ་རུ་ཕྱིན་པ་རེད།

  ཤིས་མདོ་སློབ་ཆུང་ནི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པས་དབུལ་པོའི་དུད་ཚང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་དུ་བཅུག་པ་དང་།ས་གནས་དང་རྫོང་ཁག་གཞན་ནས་གླ་པར་ཡོང་མཁན་གྱི་སློབ་ལོ་ལོན་པའི་བྱིས་པ་རྣམས་ཀྱང་གལ་ཆེའི་སློབ་མར་འཛིན་ནས་སློབ་གསོ་དང་དོ་དམ་ནན་པོ་བྱེད་ཀྱི་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རྟའུ་རྫོང་ཞི་བདེ་ཤང་གདོང་ལེན་གྲོང་སྡེ་ཡིས་ཏང་འཛུགས་སྐྱོང་བྱས་ནས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུ་བསྐྲུན།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།