དཔལ་ཡུལ་རྫོང་གིས་སྤྱི་དམངས་ཀྱི་ཐོག་བཀག་ནས་ཉེན་ཁ་ཆུང་དུ་གཏོང་བའི་འདུ་ཤེས་ཇེ་དྲག་བཏང་།

དངོས་སྦྱོང་སློབ་མ་སྒྲོལ་དཀར་མཚོས་བསྒྱུར།        2015-06-18

ཁུལ་དང་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཐོག་འགོག་ཉེན་མེད་ལས་ཀར་ཤུགས་རྒྱག་པའི་སྐོར་གྱི་བསམ་འཆར་དང་ 《 དཔལ་ཡུལ་རྫོང་མི་དམངས་སྲིད་གཞུང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཐོག་འགོག་ཉེན་མེད་ཞིབ་བཤེར་ལས་ཀ་ཆེན་པོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད།ཉེ་ཆར་དཔལ་ཡུལ་རྫོང་གནམ་གཤིས་ཅུས་ཀྱིས་བདེ་འཇགས་ལྟ་སྐུལ་སོགས་སྡེ་ཁག་དང་མཉམ་དུ་རྫོང་ཁོངས་ནང་གི་གཙོ་གནད་སྡེ་ཚན་ཁག་གི་ཐོག་འགོག་ཉེན་མེད་ཡོང་བའི་ལས་ཀར་ཆེད་གཉེར་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་ཚོ་ཆུང་གིས་གཙོ་གནད་བཟོ་གཏེར་ཁེ་ལས་དང་། གཙོ་གནད་འཛུགས་སྐྲུན་རྣམ་གྲངས།རྫོང་ཁོངས་ནང་གི་ཉེན་ཅན་དངོས་རྫས་ཀྱི་མཛོད་ཁང་།སྣུམ་སྣོན་ས་ཚུགས།སློབ་གྲྭ།སྨན་ཁང་།རླངས་འཁོར་འབབ་ཚུགས།ཐོག་བརྩེགས་མང་བའི་ཁང་ཆེན་སོགས་གཙོ་གནད་སྡེ་ཚན་དང་གནས་ཡུལ་གྱི་ཐོག་འགོག་ཉེན་མེད་ཡོང་བའི་ཐད་ཞིབ་བཤེར་ལས་ཀ་སྤེལ། གསར་འཛུགས་དང་བསྐྱར་སྐྲུན།རྒྱས་སྐྲུན་བཅས་བྱས་པའི་འཛུགས་སྐྲུན་དངོས་པོར་ཐོག་རྒྱག་པའི་ཉེན་ཁ་དཔྱད་བསྡུར་ཚོད་དཔག་དང་། ཐོག་འགོག་སྒྲིག་ཆས་ཇུས་འགོད་དང་ཞིབ་བཤེར་གཏན་འབེབས། ཨར་ལས་རྒྱག་ཚུལ་ལྟ་སྐུལ། ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་ཚུལ།ཐོག་འགོག་གི་འབྲེལ་ཡོད་བྱ་འགུལ་དུ་ཞུགས་པའི་ལས་ཁུངས་དང་མི་སྣའི་ཐོབ་ཐང་སོགས་ཀྱི་གནས་ཚུལ་ཞིབ་བཤེར་དང་ཁྲིད་སྟོན་བྱས་པ་རེད།ཞིབ་བཤེར་བྱས་པར་བརྒྱུད་ནས་རིམ་པ་སོ་སོའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན།གནས་ཡུལ་སོགས་ཀྱི་ཐོག་འགོག་ཉེན་མེད་དོ་དམ་གྱི་ལས་ཀའི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་སྔར་ལས་ལྷག་པར་ཇེ་ཆེར་བྱུང་བ་དང་། དེ་དག་གི་ཐོག་འགོག་ཉེན་མེད་དོ་དམ་གྱི་མ་ལག་འཛུགས་གཉེར་དང་འཐུས་ཚང་དུ་ཡོང་བར་སྐུལ་འདེད་བཏང་ནས། ལས་རིགས་སོ་སོ་དང་སྡེ་ཁག སྤྱི་དམངས་སོགས་ཀྱི་ཐོག་བཀག་ནས་ཉེན་ཁ་ཆུང་དུ་གཏོང་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།། 
  • ལེ་ཚན་སྔོན་མ།:རྟའུ་རྫོང་གནམ་གཤིས་ཅུས་ཀྱི་ཆུ་བྲུག་དུས་ཀྱི་གནམ་གཤིས་ཞབས་ཞུའི་ལས་ཀ་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གནམ་གཤིས་ཅུས་དང་རྒྱལ་ས་ཐོན་ཁུངས་དོ་དམ་ཅུས་གཉིས་ཀྱིས་མཉམ་དུ་གནོད་འགོག་བྱས།
  • དོ་སྣང་ཆེ་བའི་རྩོམ།