ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པ་ཅང་ཅན་ཚུའུ་ལྷན་ཕེབས་དང་བཅས་པས་རང་ཁུལ་གྱི་སེར་ཤུལ་དང་དཀར་མཛེས། རྟའུ་སོགས་རྫོང་གི་གཞི་རིམ་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ཁྲིད་སྟོན་གནང་བ་རེད། ཟླ་བ6པའི་ཚེས11ཉིན་ཅང་ཅན་ཚུའུ་ལྷན་ཕེབས་དང་བཅས་པས་ཁུལ་ཞིབ་དཔྱོད་ཁང་དུ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་བ་རེད།
ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པ་ཞ་ལི་དབྱང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁྲུའུ་ཡི་ཁྲུའུ་ཀྲང་ལིའུ་པོས་བརྟག་དཔྱད་ཞིབ་འཇུག་མཛད་རོགས་གནང་བས་མ་ཚད་གྲོས་ཚོགས་ནང་ཞུགས་ཡོད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་སོགས་གྲོས་ཚོགས་ནང་ཞུགས་ཡོད།
ཅང་ཅན་ཚུའུ་ཡིས་རང་ཁུལ་གྱི་ཞིབ་དཔྱོད་མ་ལག་གིས་འགན་འཁྲི་སྒྲུབ་པ་དང་རང་ཉིད་འཛུགས་སྐྱོང་། དཔུང་སྡེའི་སྤྱོད་ཚུལ་ལེགས་སྒྱུར། སྤྱི་ཚོགས་དྲང་ལྡན་དྲང་གཞག་ལ་སྲུང་སྐྱོང་བྱས་པ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་དང་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ལ་དཀར་མཛེས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་གནས་བབ་གསར་པ་དང་རྒྱུན་ཚུལ་གསར་པའི་འོག་མཐའ་གཅིག་ཏུ་ཏང་ཨུས་འགོ་ཁྲིད་གནང་བར་དང་ལེན་བྱས་པ་དང་།དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་ལྟ་སྐུལ་གནང་བ། སྲིད་གཞུང་གིས་རྒྱབ་སྐྱོར་ནུས་ལྡན་བྱས་པ། སྲིད་གྲོས་ཀྱིས་དམངས་གཙོ་ལྟ་སྐུལ་གནང་འོག་ཧུར་ཐག་གིས་འཕེལ་རྒྱས་དང་དམངས་འཚོ།བརྟན་བརླིང་སོགས་ཀྱི་འཛུགས་སྐྲུན་ནང་ཞུགས་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་བརྟན་བརླིང་ལ་ཁྲིམས་འཛིན་འགན་སྲུང་ནུས་ལྡན་ཞིག་འདོན་སྤྲོད་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།