ARJ21གནམ་གྲུ་འདབ་པ་ཉི་སྟེན་གནམ་གྲུ་ཐང་དུ་ཆེད་དོན་ཚོད་ལྟའི་འཕུར་སྐྱོད་ལེགས་འགྲུབ་བྱུང་།

བདེ་སྐྱིད་ཀྱིས་བསྒྱུར།        2020-08-05

     སྤྱི་ཟླ7པའི་ཚེས30ཉིན། ARJ21གནམ་གྲུ103གནམ་གྲུ་གོ་ལ་ཧྲིལ་པོའི་མཚོ་འཕགས་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་སྟེ་འདབ་པ་ཉི་སྟེན་གནམ་གྲུ་ཐང﹙མཚོ་འཕགས་སྨི4411﹚དུ་འབབབ་འཕུར་གྱི་ཚད་གཞི་མཐོ་ཤོས་ཀྱི་ཚོད་ལྟའི་འཕུར་སྐྱོད་ཚོད་ལྟ་ལེགས་འགྲུབ་བྱུང་ནས་ཧྲང་ཧའེ་རུ་ཕྱིར་ལོག་པ་རེད།

     ཟླ་ཕྱེད་རིང་འབབ་འཕུར་ཚོད་ལྟ་བྱས་ནསARJ21མཐོ་སྒང་གནམ་གྲུ་ཐང་གི་ཁོར་ཡུག་འོག ARJ21གནམ་གྲུ་འཕུར་འབབ་ཀྱི་ནུས་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ARJ21གནམ་གྲུ་འཁོར་སྐྱོད་ཁྱབ་ཁོངས་དེ་མཐོ་སྒང་གི་གནམ་གྲུ་ཐང་ཚང་མར་ཁྱབ་པ་མཚོན་གྱི་ཡོད། འབྱུང་འགྱུར་མཐོ་སྒང་དུ་མཁའ་ལམ་གཏོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།

     མཐོ་སྒང་གི་གནམ་གྲུ་ཐང་ནི་མཚོ་འཕགས་སྨི1500ལས་མཐོ་བའི་གནམ་གྲུ་ཐང་ལ་ཟེར། དེའི་ནང་སྨི་མཚོ་འཕགས1500ནས་སྨི2438བར་གྱི་ཁྱབ་ཁོངས་ནང་སྤྱིར་བཏང་གི་མཐོ་སྒང་གནམ་གྲུ་ཐང་ཡིན་པ་དང་སྨི2438ཡན་གྱི་ས་མཐོའི་མཐོ་སྒང་གི་གནམ་གྲུ་ཐང་ཡིན་པ་རེད། རང་རྒྱལ་ནི་མཐོ་སྒང་གི་གནམ་གྲུ་ཐང་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་ནང་ས་མཐོའི་མཐོ་སྒང་གནམ་གྲུ་ཐང19ཡོད་པ་དེ་དག་གཙོ་བོ་ནུབ་རྒྱུད་ས་ཁུལ་དུ་གཅིག་སྡུད་བྱས་ནས་ཡོད་པ་རེད།

     ARJ21གནམ་གྲུ་ཇུས་འགོད་བྱས་མ་ཐག་ནས་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་གཉེར་སྐྱོང་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ནས། མཐོ་སྒང་གི་ནུས་པ་དེ་ཇུས་འགོད་ཀྱི་དམིགས་ཡུལ་གལ་ཆེན་གྱི་གྲས་སུ་བརྩིས་ཡོད་པ་རེད། 2013ལོའི་སྤྱི་ཟླ6པ་དང2017ལོའི་ཟླ་བ9པརARJ21གནམ་གྲུ་གོར་མོ་གནམ་གྲུ་ཐང﹙མཚོ་འཕགས་སྨི2842﹚དང་ཧྭ་ཐུའུ་ལུང་ཤུར་གྱི་གནམ་གྲུ་ཐང﹙རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2905﹚ཁག་སོ་སོར་མཐོ་སྒང་ལ་ཚོད་འཕུར་བྱས་པ་རེད། ད་ཐེངས་ཀྱི་འདབ་པ་ཉི་སྟེན་ལ་ཆེད་དོན་ཚོད་ལྟའི་འཕུར་སྐྱོད་ཀྱིས་འབབ་འཕུར་ཀྱི་མཐོ་ཚད་ཆེ་ཤོས་སྔར་བས་རྒྱ་ཆེ་རུ་བཏང་ནསARJ21གནམ་གྲུ་བློས་འགེལ་རང་བཞིན་དང་མཐོ་སྒང་གི་ནུས་པར་ཚོད་ལྟས་ར་སྤྲོད་བྱས་པ་རེད།།


  • ལེ་ཚན་སྔོན་མ།:གསར་བརྗེའི་གནས་གཞི་རྙིང་པར་ཡུལ་སྐོར་འོངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དྲན་གསོ་བྱེད།
  • ལེ་ཚན་རྗེས་མ།:ཨ་འབྲུ་ནས་ཞིང་ཆེན་ཕྱི་ཕྱོགས་ལ་ཚོང་བྲིན་བྱུང་ནས་མི་སེར་ཕྱུག་འགྱུར་ལམ་དུ་སྐྱོད་པའི་རེ་བ་བསྐངས།
  • དོ་སྣང་ཆེ་བའི་རྩོམ།