ཡེ་ཤེས་ལྷ་མོ། 2017-08-22
ཉེ་ཆར། ཉག་རོང་རྫོང་གིས་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ལས་ཀའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ནང་རྫོང་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་དང་། རྫོང་རིམ་པའི་སྡེ་ཚན་དང་། ཤང་དང་གྲོང་རྡལ་གྱི་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་གཞུང་ལས་ཁང་གི་ལས་བྱེད་པ་དང་རྒན་རབས་ལྔ་ཞེས་པའི་རོགས་འདེགས་པ་སོགས་མི་གྲངས60ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུ་དེ་ཉག་རོང་རྫོང་ཨུའི་རྒྱུན་ལས་རྩ་འཛུགས་པུའུ་ཀྲང་ཀའོ་ཙེན་ཧུའེ་ཡིས་གཙོ་འགན་བཞེས་ནས་ཞིང་ཆེན་དང་ཁུལ་གྱི་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་བྱས་པ་རེད། རྫོང་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་དང་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་དབང་དཔལ་མོས་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ལོ་ལྔའི་ལས་ཀར་ཕྱོགས་བསྡོམས་སྙན་ཞུ་བྱས་པས་མ་ཚད། ཕྱིན་ཆད་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ཨུ་ལྷན་གྱི་ལས་ཀར་བཀོད་བསྒྲིགས་ཞིབ་མོ་བྱས་པ་རེད།
ཚོགས་ཐོག་ལོ་ལྔའི་རིང་ལ་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ཨུ་ལྷན་གྱི་ལས་ཀ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་སྔོན་ཐོན་གྱི་ལས་ཁུངས6དང་ཕུལ་བྱུང་གི་མི་སྣ7ལ་གཟེངས་བསྟོད་ལག་ཁྱེར་སྤྲད་པ་རེད། ཉག་རོང་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ལས་ཀར་ཁས་ལེན་གང་ལེགས་བྱས་ཤིང་། ཕྱིན་ཆད་ཀྱི་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ལས་ཀ་ལ་རེ་བ་བཏོན་པས་མ་ཚད་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ལས་ཀའི་གལ་ཆེ་བའི་རབ་བཞིན་དང་དགོས་ངེས་ཀྱི་རང་བཞིན་སྐོར་བླང་བྱ་བཏོན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10